e-texts navigator
Collection
Volume
Page
Wylie

23a1 ཞི་བརྒྱས་པ་དབང་དང་དཀྲུག། དབྱེ་དང་བསྐྲད་དང་གསད་པ་དང་།། ཟློས་པས་འཇུག་ཏུ་ཁྱད་པར་དུ།། བསྐུལ་བའི་ཚིག་བཅུག་བསྒྲུབ་པར་བྱ།། གཞན་ཡང་གང་དག་འདོད་པ་ཡིས།། ཡིད་དང་འཐུན་པའི་འདོད་པའི་དོན།། དེ
23a2 ཡང་དེ་ལྟར་ཡང་དག་བསྒྲུབ། ། སྐུ་གཟུགས་རབ་ཏུ་མཆོད་བྱས་ནས།། གང་དུ་ཅི་འདྲ་དེ་ལྟ་བུར།། གུས་པས་ཟླ་བ་དྲུག་བཟླས་ཏེ།། སྐུ་གཟུགས་ཉིན་གཅིག་བཞིན་དྲི་ན།། དེ་ལྟར་ཀུན་དུ་རབ་མཆོད་ནས།། རྟག་ཏུ་དེ་ཡི་བཟླས་པ་ནི།
23a3 བློ་དང་ལྡན་པས་ཀུན་བྱས་ནས།། གྲུབ་པ་ཉིད་ནི་མ་ཐོབ་ཀྱང་།། དངོས་གྲུབ་ཕྲ་མོ་ཐོབ་པར་འགྱུར།། ཡང་ན་ཁྲོ་བོ་འམ་ཕྱག་རྒྱའང་རུང་།། དེ་ཚེ་བསྒྲུབ་པར་ནུས་ན་ནི།། དེ་ཡི་རི་མོ་གསུངས་པ་དང་།། ལྷ་ཡི་བརྟུལ་ཞུགས་དེས་ཀྱང་འགྲུབ།།
23a4 དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱི།། མཆོག་གིས་དངོས་གྲུབ་གང་ཡིན་པ།། ཆོ་ག་བཞིན་དུ་མདོར་བསྡུས་ཏེ།། རྒྱས་པར་བདག་གིས་བཤད་པར་བྱ།། དེ་ནས་ཁྲོ་བོ་གཙོ་བོ་ཡི།། རྩེ་གསུམ་ཤིན་དུ་གསལ་བསྒྲུབས་ན།། ཨུར
23a5 མོའི་ལྕགས་ལས་བྱས་པ་ཡི། ། རྩེ་གསུམ་སོར་ནི་སུམ་བཅུ་པ།། རྣོལ་བཟང་ཞིང་རབ་ལེགས་པ།། ཐོག་མཆོག་བཞིན་བྱས་ནས།། རི་ཡི་རྩེ་མོར་འདུག་ནས་སུ།། རི་མོ་བཟང་པོ་དེ་བྲིས་ནས།། ཡི་དགས་མང་པོ་ཞེས་པ་ཡི།།
23a6 དཀྱིལ་འཁོར་ཐལ་བས་ཚུལ་བཞིན་བྲི།། དེ་ནས་མཆོད་པ་རྒྱ་ཆེ་དང་།། ཉ་དང་ཤ་རྣམས་སྣ་ཚོགས་ཀྱིས། ཕྱོགས་ཀྱི་གཏོར་མ་ཀུན་དུ་བྱ།། ཚེས་གྲངས་ཉི་ཤུ་གསུམ་གྱི་དགོངས།། རྩེ་གསུམ་དཀྱིལ་འཁོར་མེ་ཏོག་ལ།། བཞག
23a7 ནས་མེ་ཏོག་དག་གིས་མཆོད། ། ཙན་དན་དམར་པོས་ཀུན་བསྐུས་ཤིང་།། མེ་ཏོག་དག་གིས་ཐམས་ཅད་བརྒྱན།། ཆོ་ག་བཞིན་དུ་ལག་གིས་བཟུང་།། རི་མོ་ལ་ནི་མངོན་ཕྱོགས་འདུག། ཁྲོ་བོ་མཆོག་གི་སྔགས་དག་གིས།།
23a8 གསུམ་པ་ལ་མཁས་པས་བཟླས།། དེ་ཡི་ཉེས་པ་སྦྱང་པའི་ཕྱིར།། བརྒྱ་རྩ་བརྒྱད་དུ་བཟླས་ནས་སུ།། ཁྲོ་བོ་མཆོག་གིས་སྔགས་དག་གིས།། དེར་ནི་མེ་ཡང་རབ་སྦར་ནས།། ཆོ་ག་བཞིན་དུ་རྩེ་གསུམ་ལ།། བདུག་པའི་སྦྱིན་སྲེག་སྟོང




iiif viewer powered by OpenSeadragon

22b - 23b

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud