| | e-texts navigator
|
237a1 རྟེན་དུ་སྐྱེ་བར་འགྱུར་རོ། ། དེ་ནས་ཀུན་དགའ་བོས་ཡེ་དགས་མོ་ལ་འབར་མ་རིད་ཅིང་མདོག་ངན་ལ་ལུས་སྐེམ་པ། ཁ་ནས་མེ་ལྕེ་འབར་བ། ལྷོ་དང་ཁ་སྐམ་པ། རལ་བའི་ཕུང་པོ་གཡསས་སྤུ་དང་། སེན་མོ་རིད་བ་མཐོང་སྟེ།
237a2 ཚིག་མི་སྙན་ཅིང་ཡིད་དུ་མི་འོང་བ་དེ་ཐོས་ནས་ཀླག་ཅིང་སྔངས་ཏེ། སྤུ་ཟིང་ཞེས་བྱེད་ནས། སྟན་ལས་ལངས་ཏེ་ཤིན་ཏུ་རིངས་པ་དང་། ཤིན་དུ་མྱུར་བའི་ཤུགས་ཀྱིས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན
237a3 འདས་ཀྱི་ཞབས་ལ་ཕྱག་འཚལ་སྟེ། ། འདར་བཞིན་དུ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྐྱབས་མཛད་དུ་གསོལ།། བདེ་བར་གཤེགས་པ་སྐྱབས་མཛད་དུ་གསོལ། བདག་ནི་གནངས་སྲོག་འགུམ་པར་འགྱུར་ལགས་སོ།།
237a4 བཅོམ་ལྡན་འདས་བདག་གིས་ཡི་དགས་མོ་ཁ་འབར་མ་མཐོང་སྟེ། ཁྱོད་གནངས་འཆི་བར་འགྱུར་རོ་ཞེས་མཆི་ན། བདག་གིས་ཐབས་ཅི་མཆིས་ཤོས་སྨྲ་ན། དེའི་མཆིད་ནས་གལ་ཏེ་ཁྱོད་ཀྱིས་ཡི་དགས་གང་གཱའི་ཀླུང་བྱེ་བ་ཁྲག
237a5 ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པར་བྱས་ཏེ། བྲམ་ཟེའི་དྲང་སྲོང་འབུམ་ཡང་ཚིམ་པར་བྱས་ན། དེ་ལྟར་ན་ཁྱོད་ཀྱི་ཚེ་ཕྱིར་ནུར་བར་འགྱུར་རོ་ཞེས་མཆི་ན། བཅོམ་ལྡན་འདས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི་བ་བཀའ
237a6 སྦྲུལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་གང་གིས་ཁྱོད་ཡི་དགས་རྣམས་དང་། བྲམ་ཟེའི་དྲང་སྲོང་རྣམ
237a7 ཚིམ་པར་བྱེད་པར་འགྱུར་བའི་ཐབས་ཡོད་ཀྱིས་མ་འཇིགས་ཤིག། ཀུན་དགའ་བོ་ཐམས་ཅད་དུ་འོད་དང་ལྡན་པ་རྒྱལ་ཆེན་ཤུགས་ལྡན་འོད་ཅེས་བྱ་བའི་གཟུངས་ཡོད་དེ། དེས་བྱིན་པ་ཙམ་གྱིས་ཡི་དགས་གང་གཱའི་ཀླུང
237a8 བ་ཁྲག་ཁྲིག་ཕྲག་འབུམ་གྱི་བྱེ་མ་སྙེད་དག་ཚིམ་པ་བྱས་པར་འགྱུར་ཏེ། ཡི་དགས་དང་། བྲམ་ཟེའི་དྲང་སྲོང་རེ་རེ་ལ་ཟས་དང་སྐོམ་ཡུལ་མ་ག་དྷའི་བྲེ་བོ་བདུན་བདུན་བྱིན་པར་འགྱུར་རོ།། དེ་ནི་ང་སྔོན་བྲམ་ཟེར་གྱུར་པན
iiif viewer powered by OpenSeadragon
236b - 237b