e-texts navigator
Collection
Volume
Page
Wylie

234a1 གཅད་དོ། ། ཕྱོགས་ནས་བྱས་པའི་རིག་སྔགས་གཅད་དོ།། ཕྱོགས་མཚམས་ནས་བྱས་པའི་རིག་སྔགས་གཅད་དོ།། སྟེང་ནས་བྱས་པ་དང་། འོག་ནས་བྱས་པའི་རིག་སྔགས་གཅད་དོ།། ལྷས་བྱས་པའི་རིག་སྔགས
234a2 གཅད་དོ། ། ཀླུས་བྱས་པའི་རིག་སྔགས་གཅད་དོ།། གནོད་སྦྱིན་གྱིས་བྱས་པ་དང་། ནམ་མཁའ་ལྡིང་གིས་བྱས་པའི་རིག་སྔགས་གཅད་དོ།། གྲུལ་བུམ་གྱིས་བྱས་པ་དང་། ཚོར་བ་པས་བྱས་པ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། རྒྱལ
234a3 རིགས་དང་། རྗེའུ་རིགས་དང་། དམངས་རིགས་དང་། སྐྱེས་པ་དང་། བུད་མེད་དང་། གདོལ་པས་བྱབ་བ་དང་། ཀླ་ཀློ་དང་། རི་ཁྲོད་པས་བྱས་པ་དང་། སེང་གེ་དང་། སྦྲུལ་གྱིས་བྱས་པ་དང་། འགྲོ་ལྡིང་བའི་ཡིད་ཀྱིས་བྱས་པ་དང་། གསུངས་པོས
234a4 བྱས་པ་དང་། ཏོ་ས་ལ་བས་བྱས་པ་དང་། མཱ་དག་རི་ཁྲོད་པས་བྱས་པ་དང་། སེམས་ཅན་ཐམས་ཅད་རིག་སྔགས་འཆང་བས་བྱས་པའི་རིག་སྔགས་གཅད་དོ།། ཏདྱ་ཐཱ། ག་ག་གཱ་ར་ལི་ཕུ། མ་ཧཱ་ག་ག་གཱ་ར་ལི་ཕུ། བེ་ཤེ་ཕུ་ཤ་བ་ར་སིད་དྷི
234a5 ཙན་དཱ་ལི་པྲ། མཧཱ་ཙན་དཱ་ལི་ཕུ། ཙོ་ག་ཕུ། ཙི་མི་རེ་པྲ། ཙི་ནི་མི་རེ་རུ། ཙཀྲེ་པྲ། ཙཀྲ་དཱ་རེ་ཕུ། ཙཀྲ་དཱ་རེ་པྲཱ། ཀྲི་ཤླེ་ཕུ། ཀྲི་ཤྭེ་རུ་པ་ཕུ། ཙན་དེ་ཕུ། སོ་གེ་ཕུ། པན་ཙ་ཊ་ལཱི་ཕུ། པན་ཙ་ལེ་ཕུ། བྷི་མེ་ཕུ། བྷི་བཱ་བ་ལེ་ཕུ། བིང་ག་ལེ་ཕུ། བིར
234a6 གཱ་ལ། ཨ་ཀྵེ་པྱ། ཨ་ནན་དེ་པྲ། ས་མན་ཏེ་པྲཱ། ནཱ་ཤནྣི་པྲ། ཚེད་ནི་ཕྲུ། བིདི་ཆེ་དནཾ་པྲམྦཱ་ཧྭཱ། ཀྲིས་ནཾ། བཀྵཱ་ནི། མྦཱ་ར་ནི། བི་ན་ད་ནི། བིན་དྱ་ནན། བཀྵ་ནེ། ནཱ་ཤཱ་ནི། ཁཱད་དྱ་ཀ་ནན། གཱ་ལ་བྷིནཱ་ཤཱ་ནཱི། དྷཱ་ཏཱ་མ་སིཊྚ་སྶ། བྷ་སྨ་ནི། མས
234a7 ནི། བན་དྷ་ནི་སྭཱ་ཧཱ། ཀུན་དགའ་བོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བཞི་བཅུ་རྩ་གཉིས་པོ་འདི་དག་ནི་མཚན་མོ་གཟི་བརྗིད་འཕྲོག་པར་བྱེད་པའོ།། ཀུན་དགའ་བོ་ཉི་མ་འཆར་བའི་ཚེ། རོ་ལངས་ཆེན་པོ་གནོད་བྱེད་ཅེས་བྱ་བ་ཞིག
234a8 ཡོད་དེ། དེ་སྟོན་གྱི་དུས་ཀྱི་ཉི་མའི་འོད་ཟེར་གྱིས་རྗེས་སུ་ཞུགས་ནས། གང་འོད་ཟེར་དེ་དག་གིས་གང་ལ་རེག་འོད་ཟེར་གྱི་དྲ་བས་རེག་ནས་རིམས་སུ་འགྱུར་ཏེ་དེ་ཡང་གཙང་ངོ་།། ཀུན་དགའ་བོ་རོ་ལངས་ཁ་གཅིག་པ་ཞེས་བྱ་བ་ཞིག




iiif viewer powered by OpenSeadragon

233b - 234b

Texts on this page

Q351 - 'phags pa ro langs bdun pa zhes bya ba'i gzungs