| | e-texts navigator
|
233a1 ནིལ་བ་རབས་ནི། ཅང་ཚུ། ཙཀྲ། ཙཀྲ། ཨ་ཡུ་དྷེ་སྭཱ་ཧཱ།། ཀུན་དགའ་བོ་འདི་དག་ནི་གནོད་སྦྱིན་ཐམས་ཅད་དང་། སྲིན་པོ་ཐམས་ཅད་དང་། གསང་སྔགས་ཐམས་ཅད་དང་། ཡི་དགས་དང་། བྱང་དང་། སྡིག་པ་རབ་དུ་ཞི་བར་བྱེད
233a2 པའོ། ། རྒྱལ་པོས་བཀྲབས་པ་དང་། ལ་གཅན་པ་ཕྱིར་ཟློག་པར་བྱེད་དོ།། དེ་ལ་རིག་སྔགས་འདི་སྐུད་པ་དམར་པོ་ལ་ལན་སུམ་བཅུ་རྩ་བདུན་བཟླས་བརྗོད་བྱས་ཏེ། མདུན་པ་སུམ་བཅུ་རྩ་བདུན་བོར་ན་ཐམས་ཅད་ལ་རེངས་པར
233a3 བྱས་པར་འགྱུར་རོ། ། ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་ཟུང་ཤིག། ཆོངས་ཤིག། ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤོག། རྗེས་སུ་སྦྱོར་བར་གྱིས་ཤིག། དེ་ལྟ་བས་ན་ཀུན་དགའ་བོ་ཁྱོད་ཀྱིས་དྲན་པ་དང་ལྡན་པས
233a4 གཟུང་བར་བྱའོ། ། ཏདྱ་ཐཱ། དྷ་ར་དྷ་ར། དྷ་དྷ་ར། ཁ་ར་ཁ་ར། མ་ཧཱ་ཁ་ར། མ་ཧཱ་བ་ལེ། བ་ནཱི་ཤ་ནི་གོ་ཏ་ཊ་ཎི། ཀུད་ཊ་ནཱི། ཀུད་ཊ་ནཱི། ས་མ་ཧཱ་རེ། ཀཱུད་དང་ཤྭེ། ཀ་ཁ་ཁ་རེ། མ་ཀུད་ཏ་དྷ་རེ་ནི། མུ་ལུག་ཀ། ཀྵེ་ནེ་ཀ་ཀཻ་རཱི་ཀེ། ས་མརྨ་ཤ་ནི། ཀི་ནཾ།
233a5 གི་རི་ནི། བྷོ་གི་སེ་རི། ས་སཱ་བེ་ཏད། ཀུ་སུ་ར་ཀ། ཀྲི་ཏི་སཱ་སི། ཀིན་ན་བི་བུད་དྷ་སི། བི་བུད་དྷ། བི་བུད་དྷྱ། གྲི་ཏཱ་ན་བྷྱཱཾ། ཀྲི་ཏ་བྷཻ་ར་བ། བི་ཀྲི་ཏ་བྷཻ་ར་བ། མ་ཧཱ་བ་ཡེ། ཀཱ་ཏཱན། ཧཱ་ར་སི། ཀིན་ན་མཱ་ར་ཡ་སི། ཀིན་ན་སརྦ་དེ་བ། ནཱ་ག། ཡཀྵ། གན་དྷ་ར
233a6 བ། ། ཨ་སུ་ར། སརྦ་ཨ་སུ་ར། སརྦ་བྷཱ་ཡ་ཤ་མ་ན། མང་ས་ར་སཱ་ཧཱ། ཀུན་དགའ་བོ་རིག་སྔགས་འདི་སྦྱིན་བསྲེག་གམ། སྐུད་བས་བཅིངས་ན་འདོད་པའི་མཐར་གཏོགས་པ་ཐམས་ཅད་འཇིག་པར་བྱེད། ལུང་བར་བྱེད། ཟ་བར་བྱེད་དོ།།
233a7 ཀུན་དགའ་བོ་རོ་ལངས་ཐམས་ཅད་རེངས་པར་བྱེད་པའི་རིག་སྔགས་ཟུང་ཤིག། ཏྱད་ཐཱ། སེ་མེ་ལེ། མ་ཧཱ་ཧ་ཧ་ལེ། ཧ་ར་ཧ་རཽ། གྷོ་ར་དྷ་རེ་དྷ་རང་ཏི་རིད་ཏི། བི་རོད་ཏི། ཀུ་ནད་ཏི། ཀུ་ཏ་ནི། སང་གོ་ཙ་ནི། ག་ཙ་རི། ཁ་ཙ་རི། མ་ར་ནེ། ཏུ་ཧུ། མ་རེ་ནེ།
233a8 མ་ཧཱ་མ་ལ་དྷ་རེ། ན་ཡོ་ན་མ་ཏི་སྭཱ་ཧཱ། ཀུན་དགའ་བོ་གསང་སྔགས་ཀྱི་ཚིག་འདི་དག་དམོད་པ་དྲག་པོ་དང་མཚུངས་ཤིང་འདྲ་སྟེ། འབྱུང་པོ་ཐམས་ཅད་རྣམ་པར་བཤིག་པའི་ཕྱིར་བལ་གཙང་བའི་སྐུད་པ་ལ་ལན་ཉི་ཤུ་རྩ་བཞིར
iiif viewer powered by OpenSeadragon
232b - 233b