| | e-texts navigator
|
231b1 ན།། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བྱ་རྒོད་ཀྱི་ཕུང་པོའི་རི་ལ་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ཚེ་དང་ལྡན་པ་ཀུན་དགའ
231b2 བོ་དང་ཡང་ཐབས་གཅིག་གོ། ། དེའི་ཚེ་ན་མུ་སྟེགས་ཅན་ཀུན་དུ་རྒྱུ་བ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གནོད་པར་བྱ་བའི་ཕྱིར།། རོ་ལངས་ཆེན་པོ་བདུན་བཏང་བར་གྱུར་ཏོ།། དེ་དག་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་བ་ལས།
231b3 དེ་དག་གིས་གླགས་མ་རྙེད།། དམིགས་པ་མ་རྙེད་དོ།། དེ་དག་གིས་གླགས་མ་རྙེད། དམིགས་པ་མ་རྙེད་ནས་དེ་དག་ཚེ་དང་ལྡན་པ་ཀུན་དགའ་བོ་ག་ལ་དེར་སོང་སྟེ་ཕྱིན
231b4 ནས། ཚེ་དང་ལྡན་པ་ཀུན་དགའ་བོའི་ལུས་ལ་རེག་གོ།། རེག་མ་ཐག་ཏུ་ཀུན་དགའ་བོ་དེ་སྡུག་བསྔལ་མི་བཟད་པ། དྲག་པ་ཚབ། ཤིལ་ཐུག་པའི་ཚོར་བ་རྣམས་དང་ལྡན་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྙམ་དུ་སེམས
231b5 ཏེ། བདག་ནི་སྡུག་བསྔལ་མི་བཟད་པ།། དྲག་པ། ཚ་བ། ཤི་ལ་ཐུག་པའི་ཚོར་བ་རྣམས་དང་ལྡན་ན་བཅོམ་ལྡན་འདས་དེས་མ་དགོངས་སོ།། བདག་འདི་ལྟར་ཉམ་ང་བར་གྱུར་ན་དེ་བཞིན་གཤེགས་པས་མ་དགོངས་སོ་སྙམ་མོ།།
231b6 དེའི་ཚེ་ན་ཚེ་དང་ལྡན་པ་ཤཱ་རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ཆེ་དང་ལྡན་པ་ཀུན་དགའ་བོ་དང་ཐག་མི་རིང་བ་ཞིག་ན་འདུག་པར་འགྱུར་ཏོ།། ཚེ་དང་ལྡན་པ་ཀུན་དགའ་བོའི་ཉེ་བའི་ཉོན་མོངས་པ་དེ་ལྟ་བུ་དེ་ཚེ་དང་ལྡན་པ་ཤཱ
231b7 རིའི་བུ་དང་། ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོས་ཐོས་སོ།། དེ་ནས་དེ་གཉིས་ཚེ་དང་ལྡན་པ་ཀུན་དགའ་བོ་གལ་བ་དེར་སོང་སྟེ་བྱིན་ནས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ཀུན་དགའ་བོ་སྡུག་བསྔལ་མི་བཟད་པ་དྲག་པ།
231b8 ཚ་བའི་ཚོར་བ་མྱོང་ནས་བདག་ལ་དེ་བཞིན་གཤེགས་པས་མ་དགོངས་སོ་ཞེས་ཅི་དེ་སྐད་ཅེས་སྨྲའམ། དེ་སྐད་ཅེས་སྨྲས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་བདག་གི་ལུས
iiif viewer powered by OpenSeadragon
231a - 232a