| | e-texts navigator
|
231a1 བཅུ་གཉིས་པོ་ཡང་ཐོབ་འགྱུར་ཏེ།། ཀུན་དུ་འོང་དང་བདུད་རྩི་འོད།། ནམ་མཁའི་འོད་དང་རྡོ་རྗེའི་འོད།། རིན་ཆེན་འོད་དང་པད་མའི་འོད།། ལས་ཀྱི་འོད་དང་དཔེ་མེད་ས།། དཔལ་ལྡན་ས་དང་ཤེས་རབ་འོད།། ཐམས་ཅད
231a2 མཁྱེན་དང་རང་རིག་སྟེ། ། བཅུ་གཉིས་སངས་རྒྱས་ས་རྣམས་ཀྱང་།། འདི་ཆེ་བྱུང་ན་མྱུར་དུ་ཐོབ།། ས་རྣམས་མ་ཐོབ་བར་དུ་ཡང་།། འགྲོ་བ་རྣམས་ལ་ཕན་པ་དང་།། ཤེས་རབ་སྙིང་རྗེ་ལྡན་གྱུར་ཅིང་།། ཆོས་ལ་དགའ་བ་རྣམས་ཀྱིས
231a3 སྲུང། ། དངོས་གྲུབ་ཐོབ་སྟེ་དེ་བཞིན་གཤེགས།། རིན་ཆེན་ལས་བྱུང་ཐོབ་པར་འགྱུར།། དཔལ་ལྡན་བྱང་ཆུབ་སེམས་དཔའ་དང་།། དཔལ་ལྡན་ལྷ་མོ་ནག་མོ་ཡི།། མིང་བརྒྱ་རྩ་བརྒྱད་གང་འཛིན་པ།། ཡོན་ཏན་བརྒྱ་རྩ་བརྒྱད
231a4 ཐོབ་སྟེ། ། སྐུ་གསུང་ཐུགས་ནི་གྲུབ་ནས་ཀྱང་།། ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར།། ཞེས་གསུངས་པ་དང་།། བྱང་ཆུབ་སེམས་དཔའི་འཁོར་དེ་དག་དང་།། དཔལ་ལྷ་མོ་ནག་མོ་ཆེན་མོ་རྣམས་ངོ་མཚར་དུ་གྱུར་ཏེ།
231a5 བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་རྗེས་སུ་ཡི་རང་ཞིང་མངོན་པར་བསྟོད་དོ།། དཔལ་ལྷ་མོ་ནག་མོ་ཆེན་མོའི་མཚན་བརྒྱ་རྩ་བརྒྱད་པ་ཡོན་ཏན་དང་བཅས་པ། རྫོགས་སྷོ།། ། 6།། ལྷའི་དབང་པོ་བརྒྱ་བྱིན་གྱིས
231a6 བགྲོད་གདུས་གསུམ་འཁོར་བའི་སྡུག་བསྔལ་ཆེན་པོ་དང་། འདོད་ཆགས་ནི་སྡང་གཏི་མུག་གསུམ་གྱི་རྒྱུས།། སྡིག་སྤྲིན་ལས་ཐུབ་ལྷ་དང་སྒྱུ་མ་ཡིན།། དམྱལ་ཚོགས་མ་ལྟར་འབར་བ་འ་གནས་འདིར།། ཤ་ཐག
231a7 དམར་ལ་རོལ་བའི་ལྷ་མོ་ཁྱོད། ། ལྷ་ཡི་གཡུལ་ངོ་རྒྱལ་བར་ཞལ་འཆེས་ལ།། ལྷ་མ་ཡིན་གྱི་དཔུང་རྣམས་དྲག་པར་མཛད།། ཅེས་བསྟོད་དོ།། རྫོགས་སྷོ།། @6།། རྒྱ་གར་སྐད་དུ། ཨཱརྱས་པ
231a8 ཥེ་ཏྲ་ཊ་ཀ་ཏཱ་མ་དྷཱ་ར་ཎཱི། བོད་སང་དུ། འཕགས་པ་རོ་ལངས་བདུན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅི།
iiif viewer powered by OpenSeadragon
230b - 231b