| | e-texts navigator
|
221b1 གཅིག་ཏུ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། ། བཙུན་པ་བཅོམ་ལྡན་འདས་བདག་གི་རིག་པ་འཕྲུལ་གྱིས་བཞེས་སུ་གསོལ།། ཨོཾ་ཤྲཱི་མ་ཏཱ་ཀཱ་ལ་ག་ཎ་ཀུ་ཏ་སྭཱ་ཧཱ།། ན་མཿཤྲཱི་མ་ཧཱ་ཀཱ་ལ་ག་ཎེ་གུ་ཏི་ཤྭ་ཡ། ན་མོ་ཡོ་ཀན
221b2 ཎཱན། ཏདྱ་ཐཱ། ཨོཾ་ཏི་ལེ་ཧི་ལེ། ཀི་ཏི་ཀི་ཏེ་ནི། ཙིད་དེ་ཅིད་དེ་ནི་སྭཱ་ཧཱ། འདི་བཏོན་པས་ནད་ཐམས་ཅད་དང་། རིམས་ཐམས་ཅད་དང་། གདོན་ཐམས་ཅད་དང་། མིངས་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་དང་། ཉེས་པ
221b3 བསྒོམས་པ་ཐམས་ཅད་དང་། ཉེས་པར་བལྟས་པ་རྣམས་སྟེང་དུ་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་མན་ཆད་བཅིང་ངོ་།། འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་ངོ་།། ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི
221b4 ལ་ཐུག་པ་ཚུན་ཆད་བཅིང་ངོ་། ། གཞན་ཡང་གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུངས་མ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། བདུད་འདུལ་རྣམས་ཀྱི་དབང
221b5 བྱུག། སྲིན་པོ་ལང་ཀ་བུ་རིའི་གྲོང་ཁྱེར་གཏན་ནས་རློག་པ། གནོད་སྦྱིན་གྱི་བུ་མོ་ནམ་མཁའི་གློག་མ་སྲིན་རྡུལ་དུ་རློག་པ། དཀོན་མཆོག་གསུམ་གྱི་བསྟན་པ་སྲུང་བར་ཁས་བླངས་ཤིང་དམ་བཅས་པའོ།། འཕགས
221b6 པ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། །། །། རྒྱ་གར་སྐད་དུ། དེ་བི་མ་ཧཱ་ཀཱ་ལི་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ
221b7 ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ།། དེ་ནས
221b8 འདོད་པའི་ཁམས་ཀྱི་དབང་ཕྱུག་མ། བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ་མོ་ལྷ་མོ་ནག་མོ་ཆེན་མོས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ལ
iiif viewer powered by OpenSeadragon
221a - 222a