e-texts navigator
Collection
Volume
Page
Wylie

20a1 བདག་གི་སྙིང་ཀར་གཞག་པར་བྱ།། དེ་བཞིན་བེ་ཅོན་ཕྱག་རྒྱ་ཡང་།། ཤིན་དུ་དྲག་པོའི་མཚོན་ཆའི་གནས།། ལག་པ་གཡས་པས་བཅིངས་ནས་ནི།། ཐེ་བོའི་མཆོད་པ་འཇུག་པར་བྱ།། ཁྲོ་བོ་ཆོག་བཤད་བཞིན་བྱས།། འདོད
20a2 པ་ཐམས་ཅད་སྩོལ་བར་མཛད། ། ཡི་དགས་པལ་ཆེན་དཀྱིལ་འཁོར་དང་།། གཞན་ཡང་རྟག་པར་སྐུ་གཟུགས་དང་།། ཅི་སྲིད་བསྟན་པའི་རི་མོ་ལ།། ཡིད་ཀྱི་མཆོད་པ་བྱ་བར་བསྒྲགས།། ལྷ་ཡི་མེ་ཏོག་དྲི་ཞིམ་དང་།། བིལ་བའི་ལོ་མ
20a3 བཟང་པོ་དང་། ། སྤོས་ཆུ་དག་གི་ས་ལ་འམ།། ཡང་ན་སུ་གཟུགས་དག་ལ་མཆོད།། དགོས་པ་ཀུན་གྱི་དོན་བསྒྲུབ་པ།། སྐུ་གཟུགས་མཚན་ཉིད་བཤད་པར་བྱ།། སྔར་བསྙེན་ཆོ་ག་བཞིན་བྱས་ནས།། དེ་ནས་སྐུ་གཟུགས་བྱེད་དུ་གཞུག། གསེར
20a4 རམ་ཡང་ན་དངུལ་ཡང་རུང་། ། དེ་བཞིན་ཁར་བ་འམ་ཟངས་ལ་བྱ།། ར་གན་ཨིན་ཏྲ་ནཱི་ལ་དང་།། འཆིང་བུ་ཤེལ་དང་རིན་ཆེན་ཏེ།། རྒྱལ་སྲིད་འདོད་པས་གསེར་ལ་བྱ།། ལོངས་སྤྱོད་འདོད་པས་དངུལ་ལ་བྱ།། ནད་རྣམས་འཇིག་ཕྱིར་ཁར
20a5 བས་བྱ། ། ཟངས་ནི་འདོད་པ་རབ་ཏུ་སྟེར།། དགྲ་རྣམས་གཤིག་ཕྱིར་ར་གན་ཏེ།། རང་གི་ལོངས་སྤྱོད་འཕེལ་བའི་ཕྱིར།། ཨིན་ཏྲ་ནཱི་ལ་དག་ལས་བྱ།། མཆོག་དང་འདོད་པ་ཐམས་ཅད་སྟེར།། མཆིང་བུ་རྣམ་པ་སྣ་ཚོགས་པ།། ནོར་སྟེར་བར
20a6 ནི་ཡོངས་སུ་བསྒྲགས། ། དྲི་མེད་ཤེལ་ལས་བྱས་ན་ནི།། ཞི་དང་རྒྱས་པའི་མཆོག་རྣམས་ཏེ།། རིན་ཆེན་ལས་བྱས་རལ་གྲི་དང་།། ས་འོག་ལྷ་ཡི་དངོས་གྲུབ་སྟེར།། ཐམས་ཅད་གྲུབ་པར་བྱ་བའི་ཕྱིར།། ད་ནི་ཚད་རྣམས་བཤད་པར་བྱ།།
20a7 གསེར་ལས་སོར་བརྒྱད་ཙམ་བྱས་ཏེ།། མཆོད་ན་རྒྱལ་སྲིད་དཔལ་ཡང་འཐོབ།། ལོངས་སྤྱོད་རྟག་པར་འདོད་པ་ཡིས།། དངུལ་ལས་སོར་བཅུའི་ཚད་དུ་བྱ།། ཁར་བ་དེ་བཞིན་ནད་སེལ་བ།། སོར་གྲངས་བཅུ་དྲུག་ཚད་དུ་བྱ།
20a8 སོར་ནི་ཉི་ཤུ་ཚད་དག་དུ།། ཟངས་ལས་བྱས་ཏེ་མཆོད་པར་བྱ།། ར་ག་ན་གི་ཡང་ཟངས་བཞིན་དུ།། སོར་ཟངས་ཉི་ཤུ་གཉིས་ཀྱི་ཚད།། ཨིན་ཏྲ་ནཱི་ལས་བྱས་པ་ཡང་།། སོར་གྲངས་བཅུ་དྲུག་ཚད་དུ་བྱ།། མཆིང་བུ་ལས་ནི་སོར་བརྒྱད་ཤྲི།




iiif viewer powered by OpenSeadragon

19b - 20b

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud