e-texts navigator
Collection
Volume
Page
Wylie

209b1 རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་ཀྱི་སྔགས་ཀྱི་ཚིག་འདི་དག་སྟོན་ཐ་བཆུངས་སྨིན་དྲུག་གི་ཟླ་བའི་ཡང་ངོའི་ཆེས་བདུན་ནས་བསམས་ཏེ། གསོ་སྦྱོང་བླངས་ནས་ཆེས་བཅུ་བཞིའི་བར་དུ་ཉིན་གཅིག་བཞིན་དུ་མཆོད་ཅིང་བརྗོད་པས
209b2 བྱས་ནས་དེ་ནས་ཉལ་ཉིན་མཚན་ཐོག་ཟག་ཀླགས་ན་དེ་ལ་ལོ་དགུ་བཅུ་རྩ་དགུའི་བར་དུ་འཆི་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ། ། སྐར་མདའ་ལྟུང་བ་དང་། གཟའ་དང་རྒྱུ་སྐར་གྱིས་གདུང་བའི་འཇིགས་པ་འབྱུང་བར་མི་འགྱུར་རོ།།
209b3 བ་དྲན་པར་འགྱུར་རོ།། གཟའ་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ།། གཟའ་རྣམས་ཀྱིས་དེ་ལ་ཅི་འདོད་པའི་མཆོག་སྟེར་བར་འགྱུར་རོ།། དེ་ནས་གཟའ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་གསོལ་ནས
209b4 མ་སྣང་བར་གྱུར་ཏོ། ། འཕགས་མ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །། རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྐུ་རིང་ལ་བསྐུར་བ་ལས། དུས་ཕྱིས་དགེ་བསྙེན་གྲགས་པ་རྒྱལ་མཚན་གྱིས
209b5 དཔལ་ལྡན་ས་སྐྱའི་དབེན་གནས་སུ་རྒྱ་དཔེ་ལ་གཏུགས་ནས་ཤིན་ཏུ་དག་པར་བྱས་པའོ། ། @6།། རྒྱ་གར་སྐད་དུ། གྲཏ་མཱ་ཏྲི་ཀ་ནཱ་མ་དྷཱ་ར་ནཱཾ། བོད་སྐད་དུ། གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི་གཟུངས། སངས་རྒྱས་དང
209b6 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་།
209b7 ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བདུད་དང་། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། པབ་སངས་དང་། ཕུར་བུ་དང་། གཟའ་ལྷག་དང་། སྤེན་པ་དང་། སྒྲ་གཅན་འཛིན་དང་། མཇུག་རིངས་རྣམས
209b8 དང་། རྒྱུ་སྐར་ནི་ཤུ་བརྒྱད་ལ་སོགས་པ་མང་པོ་རྣམས་ཀྱིས་བོརྐག། རྡོ་རྗེ་ཆེན་པོའི་དམ་ཚིག་གི་བྱིན་གྱིས་བརླབས་ཀྱི་རྡོ་རྗེའི་ཁྲི་ལ་བཞགས་སོ།། བྱང་ཆུབ་སེམས་དཔའ་དུ་མ་དང་ཡང་ཐབས་གཅིག་སྟེ། འདི་ལྟར་བྱང་ཆུབ་སེམས




iiif viewer powered by OpenSeadragon

209a - 210a

Texts on this page

Q339 - 'phags ma gza' rnams kyi yum zhes bya ba'i gzungs
Q340 - gza' rnams kyi yum zhes bya ba'i gzungs