e-texts navigator
Collection
Volume
Page
Wylie

208b1 དུ་ལུས་ངན་པའོ། ། ཉི་མའི་འོ་ཐུག་དང་། ཟླ་ཞོ་ཟན་དང་། མིག་དམར་གྱི་སྲན་མ། མ་ཤའི་བཟའ་བ་དང་། ལྷག་པའི་མར་གྱི་འཁུར་བ་དང་། ཕུར་བུའི་འོ་མ་དང་། བ་བ་སངས་ཀྱི་འཁུར་བ་དང་། སྤེན་པའི་སྲན་མ། མ་ཤ་དང་། མུད་ཁ་བསྲེས
208b2 པ་དང་། སྒྲགཅན་གྱི་ཏིལ་གྱི་ཐུག་པ་དང་། མཇུག་རིངས་ཀྱི་ཏིལ་གྱི་ཐུག་པ་དང་། བུ་རམ་གྱི་ཚོད་མའོ།། གནོད་སྦྱིན་གྱི་གཏོར་མ་ནི་ཡུལ་འཁོར་སྲུང་གི་ཞོ་ཟན་ནོ།། འཕགས་སྐྱེས་པོའི་འོ་དང་སྲན་མ། མ་ཤའི་བཟའ་བའོ།། མིག་མི
208b3 བཟང་གིའོ་ཐུག་གི་བཟའ་བའོ། ། ལུས་ངན་པོའི་ཞོ་དང་སྲན་མ། མ་ཤའི་བཟའ་བ་དང་བུ་རམ་ཆང་དང་སྦྱར་བའོ།། ཇི་ལྟ་བའི་རིམ་པའི་ཁ་དོག་གི་མེ་ཏོག་དབུལ་ལོ།། ཇི་ལྟ་བའི་རིམ་པའི་ཁ་དོག་གི་བདུག་སྤོས་དབུལ་ལོ།། ཇི་ལྟ་བའི་རིམ
208b4 པའི་ཁ་དོག་གི་བ་དན་དབུལ་ལོ། ། སོ་སོ་ལ་མར་མེ་དབུལ་ལོ།། ཇི་ལྟ་བའི་རིམ་པའི་མཆོད་པ་བྱའོ།། མར་དང་སྦྲང་རྩིས་དུང་པོར་བཀང་སྟེ། རིན་ཆེན་སྣ་ལྔ་བཅུག་ལ་མཆོད་ཡོན་དབུལ་ཞིང་གདོང་ལ་ཡང་དར་བཅིང་བར་བྱའོ།།
208b5 ལག་ན་རྡོ་རྗེས་གཟའ་འདི་རྣམས་ཀྱི་སྙིང་པོའི་སྔགས་ཀླགས་པས་འགྲུབ་པ་རྣམས་ཡིན་ཏེ། ཇི་ལྟ་བའི་རིམ་པའི་ཁ་དོག་དང་འཐུན་པའི་སྤོས་ཀྱི་དཀྱིལ་འཁོར་སོར་བཅུ་གཉིས་པ་བྱས་པའི་དབུས་སུ་མཆོད་པར་བྱའོ།།
208b6 ཁམ་པའམ་ཟངས་ལ་སོགས་པ་འམ། གསེར་དངུལ་གྱི་སྣོད་དུ་མཆོད་ཡོན་ཕུལ་ནས། རེ་རེ་ལ་ཡང་བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་རྩ་བརྒྱད་བྱའོ།། ལག་ན་རྡོ་རྗེ་དེ་ནས་ཡང་དེའི་འོག་ཏུ་གཟའ་རྣམས་ཀྱི་ཡུམ་ཞེས་བྱ་བའི།
208b7 གཟུངས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་ལན་བདུན་བརྗོད་པར་བྱའོ།། དེ་ནས་གཟའ་ཉི་མ་ལ་སོགས་པའི་གཟའ་ཐམས་ཅད་ཀྱིས་སྲུང་བར་བྱེད་པར་འགྱུར་རོ།། དབུལ་བའི་གདོན་ལས་གྲོལ་བར་བྱེད་དོ།། ཚེ་ཟད་པ་རྣམ།
208b8 ཚེ་རིང་བར་འགྱུར་རོ།། ལག་ན་རྡོ་རྗེ་ཡང་གང་ཞིག་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་སམ། སེམས་ཅན་གཞན་སེམས་ཅན་གྱི་སྐྱེ་བར་གཏོགས་པ་གང་དག་གི་རྣ་ལམ་དུ་ཐོས་ནས།




iiif viewer powered by OpenSeadragon

208a - 209a

Texts on this page

Q339 - 'phags ma gza' rnams kyi yum zhes bya ba'i gzungs