| | e-texts navigator
|
208a1 དང་། བདེ་ལེགས་སུ་འགྱུར་བ་དང་རིམ་གྲོ་དང་ཆད་པཟློག་པ་དང་། མཚོན་ཆ་སྤང་བ་དང་། དུག་གཞིལ་བ་དང་། དུག་གསད་པ་དང་། མཚམས་གཅད་པ་དང་། ས་བཅིང་བར་འགྱུར་བ་རྣམས་བཤར་དུ་གསོལ།། དེ་ནས
208a2 བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་གཟའ་རྣམས་ཀྱི་མཆོད་པ་དང་གསང་སྔགས་བཀའ་སྩལ་པ། ཇི་ལྟ་བའི་རིམ་པའི་ཁ་དོག་གི་དབྱེ་བས་ཕྱོགས་རྣམས
208a3 སུ་དྲིའི་དཀྱིལ་འཁོར་བྱས་ལ་པད་མ་སོར་བཅུ་གཉིས་ཀྱི་ཚད་དུ་བྱས་པའི་མདབ་མ་བྲིས་ཏེ། ལྟེ་བ་ཡང་སོར་བཅུ་གཉིས་པ་ལ་སྒོ་བཞིས་མཛེས་པ་རིམ་བཞིན་དུ་བྱས་པ་ལ་པད་མ་རྒྱས་པའི་སྟེང་དུ་ལྷ་ཉི་མ་བསམ་པར་བྱ་བ་ནི་ལུས
208a4 གཟི་བརྗིད་ཀྱི་ཕུང་པོ་ལི་ཁྲི་ཉེ་བར་འབར་བ་ལྟ་བུ་ཉི་མ་སྟོང་དང་མཚུངས་པའི་འོད་ཟེར་ཅན་ནོ། ། ཨོཾ་མི་གྷོ་ལ་ག་ཡ་སྭཱ་ཧཱ། ཤར་དུ་ཟླ་བ་དཀར་པོ། ཨོཾ་ཤི་ཏེ་ཤ་བཻ་སྭཱ་ཧཱ། མའི་མཚམས་སུ་མིག་དམར་དམར་པོ། ཨོཾ་རཀྵ་ཨཾ་ག་ཀུ་མར
208a5 ཡ་སྭཱ་ཧཱ། གཤིན་རྗེའི་ཕྱོགས་སུ་རྒྱལ་རིགས་གཟའ་ལྷག་མདོག་སེར་པོ། ཨོཾ་བུ་ད་ཡ་སྭཱ་ཧཱ། བདེན་བྲལ་དུ་ཕུར་བུ་དམར་སེར། ཨོཾ་བྷཱི་ཧི་སྤ་ཏི་ཡེ་སྭཱ་ཧཱ། ནུབ་ཀྱི་ཕྱོགས་སུ་པ་བ་སངས་དཀར་པོ། ཨོཾ་ཨ་སུ་རོ་ཏ་མ་ཡ་སྭཱ་ཧཱ།
208a6 རླུང་དུ་སྤེན་པ་མིག་སྨན་ལྟང་ཤིན་དུ་གནག་པ། ཨོཾ་ཀྲིཥྞ་ཝརྠཱ་ཡ་སྭཱ་ནཱ། ལུས་ངན་པོའི་ཕྱོགས་སུ་སྒྲག་ཅན་དམར་ནག། ཨོཾ་ཨ་མྲི་ཏ་པྲི་ཡཱ་ཡ་སྭཱ་ཧཱ། དབང་ལྡན་གྱི་མཚམས་སུ་དུད་སྤྲིན་གྱི་མདོག་ལྟ་བུའི་མཇུག་རིངས
208a7 ཨོཾ་ཛྱོ་ཏི་ཀི་ཏ་བཾ་སཱཧཱ། ཤར་གྱི་སྒོར་རྗེ་བཙུན་སངས་རྒྱས། ལྷོ་སྒོར་ཕྱག་ན་རྡོ་རྗེ། ནུབ་སྐོར་འཇིག་རྟེན་མགོན་པོ། བྱང་གི་སྒོར་འཇམ་དཔལ་ལོ།། དཀྱིལ་འཁོར་གྱི་ཕྱི་རོལ་གྱི་བྱང་ཤར་དུ་གཟའ་ཐམས་ཅད་དོ།། ཤར་ལྷོའི་མཚམ
208a8 སུ་ཁྱིམ་རྣམས་དང་རྒྱུ་སྐར་རྣམས་སོ། ། ལྷོ་ནུབ་ཏུ་གནོད་པ་ཐམས་ཅད་དོ།། ནུབ་བྱང་དུ་རྗེ་བཙུན་རིག་པ་ཆེན་མོའོ།། དཀྱིལ་འཁོར་གྱི་སྒོའི་ཕྱི་རོལ་གྱི་ཤར་དུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ།། ནུབ་ཏུ་མིག་མི་བཟང་། བྱང
iiif viewer powered by OpenSeadragon
207b - 208b