e-texts navigator
Collection
Volume
Page
Wylie

206b1 ཅད་རབ་ཏུ་ཞི་བར་འགྱུར་རོ། ། ཉིན་གཅིག་བཞིན་དུ་ནང་པར་ལངས་ནས་ཚིག་ཏུ་བཏོན་ན་ཐོས་པ་འཛིན་པར་འགྱུར་རོ།། གནོད་སྦྱིན་དང་། སྲིན་པོ་དང་། མཁའ་འགྲོ་མ་ཐམས་ཅད་ཀྱིས་མདངས་འཕྲོག་པར་མི་འགྱུར་ཞིང་ཐག་རིང
206b2 བོར་ཡོངས་སུ་སྤོང་བར་འགྱུར་རོ། ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན
206b3 འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་ཚོགས་ཀྱི་བདག་པོའི་སྙིང་པོ་རྫོགས་སྷོ།། །། རྒྱ་གར་སྐད་དུ། ཨཱརྱ་གྲ་ཧ་མཱ་ཏྲི་ཀ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་མ་གཟའ་རྣམས་ཀྱི་ཡུམ་ཞེས
206b4 བྱ་བའི་གཟུངས། འཕགས་མ་བཅོམ་ལྡན་འདས་མ་གཟའ་རྣམས་ཀྱི་ཡུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འབྲོག་གནས་ཀྱི་གྲོང་ཁྱེར་ཆེན་པོ་ན། ལྷ་དང་། ཀླུ་དང་། གནོད
206b5 སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། བདུད་དང་། གཤིན་རྗེ་དང་། ཉི་མ་དང་། ཟླ་བ་དང་། མིག་དམར་དང་། གཟའ་ལྷག་དང་། ཕུར་བུ་དང་། པ་བ་སངས་དང་།
206b6 སྤེན་པ་དང་། སྒྲ་གཅན་དང་། མཇུག་རིངས་དང་། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ལ་སོགས་པ་དུམས་བསྟོད་ཅིང་། རྡོ་རྗེ་ཆེན་པོ་དམ་ཚིག་གི་བརྒྱན་གྱིས་བྱིན་གྱིས་བརླབས་པའི་སེང་གེའི་ཁྲིལ་བཞུགས་ཏེ་བྱང་ཆུབ་སེམས་དཔའ
206b7 རུམ་དང་ཐབས་གཅིག་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཏུམ་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་སྡེ
206b8 དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གཞུ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་བདག་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་རྒྱན་དང་། བྱང་ཆུབ་སེམས་དཔའ




iiif viewer powered by OpenSeadragon

206a - 207a

Texts on this page

Q338 - 'phags pa tshogs kyi bdag po'i snying po
Q339 - 'phags ma gza' rnams kyi yum zhes bya ba'i gzungs