e-texts navigator
Collection
Volume
Page
Wylie

199b1 ལེགས་སུ་གྱུར་ཅིག། འབྱུང་པོ་ཐམས་ཅད་ལ་བྱམས་པར་གྱུར་ཅིག། དུད་འགྲོར་གྱུར་པ་ཐམས་ཅད་འཇིགས་པ་མེད་པར་གྱུར་ཅིག། ངན་འགྲོ་ཐམས་ཅད་ཞི་བར་གྱུར་ཅིག། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ།། དེ་བཞིན
199b2 གཤེགས་པ་ཐམས་ཅད་ཀྱི་ཆོ་ག། སངས་རྒྱས་ཐམས་ཅད་ཀྱིས་གཟིགས་པའི་ཆོ་ག་འདི་འགྲུབ་པར་གྱུར་ཅིག། ཏདྱ་ཐཱ། སྥུ་ཊ་སྥུ་ཊ། སྥུ་ཊ་སྥུ་ཊ་སྥུ་ཊ་སྥུཿ་སྭཱ་ཧཱ། ཆར་མི་འབབ་པའི་ཚེ་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ།
199b3 དགེ་བསྙན་མ་གང་ལ་ལ་ཞིག་གིས་མགོ་བཀྲུས་ཏེ་གོས་གཙང་མ་བགོས་ལ་བྱམས་པའི་སེམས་དང་ལྡན་པས་དེ་བཞིན་གཤེགས་པའི་མཚན་འདི་དག་ཡི་གེར་བྲིས་ནས། གདན་ཙང་མ་ལ་བཞག་སྟེ།། པོག་པོར་བདུན་གྱིས་ནམ་མཁའ་ལ་གྱེན
199b4 དུ་འདུག་ཅང་། དེ་བཞིན་གཤེགས་པའི་མཚན་རྣམས་ལན་ལྔ་བཅུའི་བར་དུ་བརྗོད་ལ་མཆོད་པ་ཆེན་པོ་བྱས་ཏེ། ཞག་བདུན་གྱི་བར་དུ་རྒྱུན་མི་ཆད་པར་བྱས་ན་ཆར་འབབ་པར་འགྱུར་རོ།། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ
199b5 ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། ། ། རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། སུ་རེ་ན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།
199b6 རྒྱ་གར་སྐད་དུ། ཨཱདྱ་ན་མ་སཱི་ནཱ་ག་རཱ་ཛཱ་བ་རི་པྲི་ཙྪ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས
199b7 ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མག་དྷན་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་ཏེ། དེ་ནས་ཀླུའི་རྒྱལ་པོ་གཟི་ཅན་ཁ་དོག་ཤིན་ཏུ་འཕགས་པ་དང་ལྡན་པ་ནམ་སྲོས་པ་དང་བཅོམ་ལྡན་འདས་ག་ལ་བདེར་སོང་སྟེ་ཕྱིན
199b8 ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལུས་འཕགས་རི་འདི་ན་རིང་པོ་དག་དགེ་སློང་རྣམས་ལ་འཚེ་ན། དེ་ལ་བདག་གིས་ཇི་ལྟར་གནས་པར་བགྱི།




iiif viewer powered by OpenSeadragon

199a - 200a

Texts on this page

Q335 - 'phags pa sprin chen po rlung gi dkyil 'khor gyi le'u klu thams cad kyi snying po zhes bya ba theg pa chen po'i mdo
Q336 - 'phags pa klu'i rgyal po gzi can gyis zhus pa zhes bya ba'i gzungs