| | e-texts navigator
|
195a1 རྒྱ་གར་གྱི་མཁན་པོ་འཛིན་མི་ཏྲ་དང་། ཤཱི་ལན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།།
195a2 རྒྱགར་སྐད་དུ། ཨཱརྱ་མ་ཧཱ་མ་གྷ་བྷ་ཏ་མ་ཎ་ཌ་ལི་སརྦ་ནཱ་ག་ཧྲིད་ཡ་ནཱ་མ་མ་ཧཱ་ཡཱ་ན་སཱ་ཏྲ། བོད་སྐད་དུ། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་།
195a3 བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱ་མཚོ་ཆེན་པོ་ན་ནོར་བུ་རིན་པོ་ཆེའི་རྩེ་མོ་ཅན་གྱི་ཁང་པ་བརྩེགས་པ་ན་ཀླུ་སྟོང་དུ་ཚང་བའི་ཀླུའི་ཚེགས་ཆེན་པོ
195a4 ཀླུ་ཐམས་ཅད་ཀྱང་རྫུ་འཕྲུལ་ཆེ་ཞིང་དཀྱིལ་འཁོར་ཆེན་པོ་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཀླུའི་རྒྱལ་པོ་ཉེ་དགའ་བོ་དང་། ཀླུའི་རྒྱལ་པོ་ཡང་དག་སྐུལ་དང་། ཀླུའི་རྒྱལ་པོ་གློག་ཕྲེང་ཅན་དང་། ཀླུའི
195a5 རྒྱལ་པོ་གཟི་ཅན་དང་། ཀླུའི་རྒྱལ་པོ་གཟི་ཅན་ཆེན་པོ་དང་། ཀླུའི་རྒྱལ་པོ་གཏང་བཟུང་དང་། ཀླུའི་རྒྱལ་པོ་དུང་དང་། ཀླུའི་རྒྱལ་པོ་ཨེ་ལ་མདབ་དང་། ཀླུའི་རྒྱལ་པོ་མཚམས་བཟངས་དང་ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་དང་། ཀླུའི་རྒྱལ་པོ་གློག
195a6 འབྱུང་དང་། ཀླུའི་རྒྱལ་པོ་སྣང་ལྡན་གཙུག་པུད་ཅན་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་རྣམ་པར་འཕྲུལ་དང་། ཀླུའི་རྒྱལ་པོ་སྤྲིན་ཆེན་རྒྱས་བྱེད་དང་། ཀླུའི་རྒྱལ་པོ་འབྲུག་སྒྲོགས་དང་། ཀླུའི་རྒྱལ་པོ་ཆར་འབྱུང་དང་། ཀླུའི་རྒྱལ་པོ་སྐར་མདའ
195a7 གཏོང་དང་། ཀླུའི་རྒྱལ་པོ་དུས་མིན་སྒྲོགས་དང་། ཀླུའི་རྒྱལ་པོ་འབྲུག་སྐད་དང་། ཀླུའི་རྒྱལ་པོ་གློག་རབ་ཏུ་གཏོང་བ་དང་། ཀླུའི་རྒྱལ་པོ་ས་འཛིན་དང་། ཀླུའི་རྒྱལ་པོ་སོག་མ་མེད་དང་། ཀླུའི་རྒྱལ་པོ་ལེགས་མཐོང་དང་། ཀླུའི་རྒྱལ་པོ་རྣམ་པར་སྣང
195a8 དང་། ཀླུའི་རྒྱལ་པོ་འབྲུག་ཆེན་སྤོགས་དང་། ཀླུའི་རྒྱལ་པོ་འོད་ཆེན་ལ་མཁམ་དང་། ཀླུའི་རྒྱལ་པོ་དཔལ་གྱི་གཟི་བརྗིད་དང་། ཀླུའི་རྒྱལ་པོ་མཐའ་ཡས་དང་། ཀླུའི་རྒྱལ་པོ་མདོངས་བུ་དང་། ཀླུའི་རྒྱལ་པོ་དཔལ་འཛིན་དང་།
iiif viewer powered by OpenSeadragon
194b - 195b