e-texts navigator
Collection
Volume
Page
Wylie

194b1 ས་ཅ་པ་ཡོལ་ཏ་ས་སེཾད་མ་ཀྱིལ་ནམ་ཅན་ཚུན་པ་འཆད་པ་བག་པར་བྱ། ། ཨུན་ས་གང་བ་དུས་པགང་བཞི་གཔ་ཀྱ། ། ན་ད
194b2 བྱར་རོ། ། དེ་ལ་ཆོས་སྐབས་ཕྱོགས་བཞིར་ལྕི་བའི་ཁུ་བས་བྲི་བར་བྱསྟེ། ཤར་ཕྱོགས་སུ་ཁྲུ་གསུམ་ཙམ་དུ་ཀླུའི་རྒྱལ་པོ་མགོ་གསུམ་པ། ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་པའི་ལྕིབས་བྲི་བར་བྱའོ།། ལྷོ་ཕྱོགས་སུ་ཁྭ་ལྔ་ཙམ
194b3 དུཀླུའི་རྒྱལ་པོ་མགོ་ལྔ་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། ། ནུབ་ཕྱོགས་སུ་ཁྲུ་བདུན་ཙམ་དུ་ཀླུའི་རྒྱལ་པོ་མགོ་བདུན་པ་ཀླུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ།། བྱང་ཕྱོགས་སུ་ཁྲུ་དགུ་ཙམ་དུ་ཀུའི་རྒྱལ
194b4 པོ་མགོ་དགུ་བཀྲུའི་གཡོག་འཁོར་སྣ་ཚོགས་དང་བཅས་པ་བྲི་བར་བྱའོ། ། ཆོས་སྨྲ་བ་རང་གི་ལུས་བསྲུངས་ལ་བྱམས་པ་ལ་གནས་ཏེ། སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་སེམས་ཉེ་བར་གཞག་ནས། སངས་རྒྱས་དང་། བྱང་ཆུབ་སེམས
194b5 དཔའ་ཐམས་ཅད་ལ་གསོལ་བ་བཏབ་ལ་ཀླུ་རྣམས་དང་། དགེ་བའི་རྩ་བ་བགོ་བར་བྱ་སྟེ། འདི་ནི་ཆོ་གའོ།། གང་ཞིག་ཆར་མི་འབབ་པའི་ཚེ་སྤྲིན་ཆེནའི་དཀྱིལ་འཁོར་གྱི་ལེའུ་འདི་ཀློག་ན། ཉིན་ཞག་གཅིག་གམ་གཉིས་ནས་ཉིན་ཞག་བདུན་ཚུན་ཆད
194b6 གདོན་མི་ཟ་བར་འཆར་འབབ་པར་འགྱུར་རོ། ། རྒྱ་མཚོ་ནི་དུས་ལས་ཡོལ་ཡང་སྲིད་ཀྱི། ཐུབ་པ་ཆེན་པོའི་གསུང་རབ་ཀྱི་ཆར་གྱི་ཆོ་ག་འདི་ནི་གཞན་དུ་མི་འགྱུར་རོ།། དེ་ལྟ་མོད་ཀྱི་ཚུལ་ཁྲིམས་དང་། ཡོན་ཏན་ལ་གནས་ཏེ་འཆལ་བའི་ཚུལ
194b7 ཁྲིམས་དང་། ཤ་དང་ཉ་ཤ་ལ་སོགས་པ་ཡོངས་སུ་སྤང་བར་བྱའོ།། འོ་ཐུག་དང་། ཞོ་དང་། འོ་མ་དང་། འབྲས་ཆེན་བུ་རམ་ཅན་ལ་སོགས་པ་དང་། མངར་གསུམ་ཟ་ཞིང་ཀླག་པར་བྱའོ།། དེ་ལྟར་ན་གྲུབ་པར་འགྱུར་ཏེ། ཐུབ་པའི་རྒྱལ་པོས
194b8 གསུངས་པ་བཞིན་དུ་ཐེ་ཙོམ་མེད་པར་བྱའོ། ། འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས་ཆར་དབབ་པ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཞེས་བྱ་བ་དྲུག་བཅུ་རྩ་བཞི་པ་ཆོ་ག་དང་བཅས་པ། རྫོགས་སྷོ།།




iiif viewer powered by OpenSeadragon

194a - 195a

Texts on this page

Q334 - 'phags pa sprin chen po