| | e-texts navigator
|
192b1 ཀྱིས་འཛམ་བུའི་གླིང་འདིར་ཆར་རབ་ཏུ་ཕོབ་ཤིག་སྭཱ་ཧཱ། ། ལྷ་ཐམས་ཅད་ཀྱི་བདེན་པས་གནོད་པ་ཐམས་ཅད་ཞི་བར་གྱིས་ཤིག་སཱཧཱ།། ཀླུ་ཐམས་ཅད་ཀྱི་བདེན་པས་ས་ཆེན་པོ་འདིར་ཆར་རབ་ཏུ་ཕོབ་ཤིག། སྭཱ་ཧླ་གནོད
192b2 སྦྱིན་ཐམས་ཅད་ཀྱི་བདེན་པས་སེམས་ཅན་ཐམས་ཅད་སྲུངས་ཤིག་སྭཱ་ཧཱ། ། དྲི་ཟ་ཐམས་ཅད་ཀྱི་བདེན་པས་མི་རྣམས་ཀྱི་འཁྲུག་པ་དང་། གནོད་པ་ཐམས་ཅད་སོལ་ཅིག་སྭཱ་ཧཱ། ལྷྭ་མ་ཡིན་ཐམས་ཅད་ཀྱི་བདེན་པས
192b3 རྒྱུ་སྐར་མ་རུངས་པ་ཐམས་ཅད་རྣམ་པར་ཟློག་ཤིག་སྭཱ་ཧཱ། ནམ་མཁའ་ལྡིང་ཐམས་ཅད་ཀྱི་བདེན་པས་ཀླུ་ཐམས་ཅད་བྱམས་པར་བྱོས་ལ་འཛམ་བུའི་གླིང་འདིར་ཆར་ཆེན་པོ་རྒྱུན་ཕོབ་ཤིག་སྭཱ་ཧཱ།། མི་འམ་ཅི་ཐམས་ཅད
192b4 ཀྱི་བདེན་པས་སྡིག་པ་ཐམས་ཅད་ཞི་བར་གྱིས་ཤིག་སྭཱ་ཧཱ། སེམས་ཅན་ཐམས་ཅད་ཚིམ་པར་གྱིས་ཤིག་སྭཱ་ཧཱ།། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་བདེན་པས་ཡངས་ཤིང་རྒྱ་ཆེ་བའི་ཆར་གྱི་རྒྱུན་པོ་པ་ཤིག་སྭཱ་ཧཱ།། འདིར་ཆར་ལ་སྒྲིག
192b5 པ་ལྔ་པོ་དག་ཡང་དག་པར་ཟུང་ཤིག་སྭཱ་ཧཱ། མི་ཐམས་ཅད་ཀྱི་བདེན་པས་མི་ཐམས་ཅད་ལ་ཡོངས་སུ་བསྲུང་ཤིག་སྭཱ་ཧཱ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། ད་ར་ད་ར། དི་རི་དི་རི། དུ་རུ་དུ་རུ། ན་ཏ་ན་ཏ། ནི་ཏི་ནི་ཏི། ནུ་ཊ་ནུ་ཊུ།
192b6 ཤིན་དུ་མགྱོགས་པར་བཞུད་ན། སྤྲིན་ཆེན་པོའི་ཆུ་འཛིན་མ། སྤྲིན་ལྡན་མ། སྤྲིན་ཆེན་ལྡན་མ། སྤྲིན་ཆེན་ཆུ་འཛིན་མ། སྤྲིན་གསལ་མ། སྤྲིན་འབྱུང་མ། རུས་སྤྲིན་མ། སྤྲིན་གྱི་འབྱུང་གནས་མ། སྤྲིན་སྒྲོགས་མ། སྤྲིན་བཞུགས་མ
192b7 སྤྲིན་གྱི་ཅོད་པན་ལྡན་མ། སྤྲིན་གྱི་ཕྲེང་བ་མངའ་མ།། སྤྲིན་གྱི་རྣམ་པར་རྒྱན་མ། སྤྲིན་བཅིབས་མ། སྤྲིན་ལ་གནས་བཅས་མ། སྤྲིན་གྱི་སྙིང་པོའི་སྤྲིན་གྱི་རལ་པ་ཅན། སྤྲིན་འོད་མ། སྤྲིན་གྱི་འཁོར་ལྡན་མ། རྒྱ་ཆེན་སྤྲིན་བཞུགས
192b8 མ། མཆོད་ཕྱིར་སྤྲིན་ཐོགས་མ། ལེ་ཏོག་འོངས་སྒྲུབ་མ། རི་སུལ་ན་བཞུགས་མ། ཀླུའི་ཡུམ་བཅོམ་ལྡན་འདས་མ། སྤྲིན་ཆེན་དཔལ་ལྡན་སྐར་མདོག་ཅན། བསིལ་རེག་མ། ཚུབ་མ་ཆེན་པོའི་སྤྱོད་ཡུལ་མ། ཀླུ་ཆེན
iiif viewer powered by OpenSeadragon
192a - 193a