| | e-texts navigator
|
191b1 པས་ཀླུ་ཐམས་ཅད་དགུག་པར་བྱའོ། ། བྱམས་པའི་སེམས་དང་། སྙིང་རྗེའི་སེམས་དང་། དགའ་བའི་སེམས་དང་། གཏད་སྙོམས་ཀྱི་སེམས་དང་། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། བདེན་པ་དང་། བསམ་པ
191b2 ཆེན་པོས་ཀླུའི་བདག་པོ་དག་ཚུར་ཤེག། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཆོས་རྣམས་དང་། བྱང་ཆུབ་སེམས་དཔའི་ཡོན་ཏན་རྣམས་དྲན་པར་གྱིས་ཤིག། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཆུ་ཆེན་པོའི་ཆུ་དང་། སྤྲིན
191b3 གྱི་ཆུ་འཆང་བ་ཅན་ལག་གིས་འགྲོ་བ་ཆེན་པོའི་གཡོག་རྣམས་བྱམས་པའི་སེམས་ཀྱིས་ཚུར་ཤེག། སྟོན་པའི་བསྟན་པ་དམ་པ་དྲན་པར་གྱིས་ཤིག། གྷ་ཌ་གྷ་ཌ། གྷི་ཌི་བྷི་ཌི། གྷུ་རྱ་གྷུ་རྱ། དྲག་ཤུལ་ཅན།། ཁྲོ་བོ་ཤུགས་ཆེན་པོ་དང
191b4 ལྡན་པ། དུག་ཆེན་པོའི་ལྕེ་འབྱིན་པ་རྣམས་བྱམས་པའི་སེམས་དང་ལྡན་པ་ཚུར་ཤེག། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེན་པས་འཛམ་བུའི་གླིང་འདིར་ཆར་ཕོབ་ཤིག། སྭཱ་ཧཱ་ཏ་ཊ་ཏ་ཊ། ཏི་ཊི་ཏི་ཊི། ཏུ་ཊ་ཏུ་ཤྱ། ནོར་བུ་ཆེན
191b5 བོའི་ཅོད་པན་ཐོགས་པ་དང་ལྡན་པ། སྦྲུལ་གདུག་པའི་གཟུགས་ཅན་རྣམས་དཀོན་མཆོག་གསུམ་གྱི་བྱིན་གྱིས་བརླབས་དྲན་པར་གྱི་ས་ལ། རྡོ་རྗེ་འཆང་གི་བདེན་པས་འཛམ་བུའི་གླིང་འདིར་ཆར་པོབ་ཤིག། སྭཱ་ཧཱ་ཀ་ལ་ཀ་ལ། ཀི་ལི
191b6 ཀིཀིལི། ཀུ་ལུ་ཀྵ་ཝ། ཆུ་ཆེན་པོ་ལ་གནས་པ་དང་ལྡན་པ་སྨིན་པ་ཆེན་པོ་བརྩེགས་པའི་བཞོན་པ་ལ་ཞོན་ནས་མངོན་པར་འགྲོ་བ་རྣམས་ཚུར་ཤེག། བྱམས་པའི་སེམས་ཀྱིས་འཛམ་བུའི་གླིང་འདིར་ཆར་གྱི་རྒྱུན་ཐོང་ཤིག། དེ་བཞིན
191b7 གཤེགས་པའི་བདེན་པ་དང་། དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་ལག་ན་རྡོ་རྗེས་བསྒོ་བ། ར་ལ་ར་ལ། རི་ལི་རི་ལི། རུ་ལུ་རུ་ལུ། ལག་གིས་འགྲོ་ཐམས་ཅད་ཁྱེད་རྣམས་གཉིད་མེད་པར་དུས་གསུམ་གྱི་དེ་བཞིན་གཤེགས
191b8 པའི་བདེན་པས། གྷ་མ་གྷ་མ། བྷི་མི་གྷི་མི། གླུ་མུ་གྲུ་མུཥྨ། ཀླུ་ཐམས་ཅད་དགུག་གོ།། བྱམས་པའི་སེམས་ཀྱིས་བྱང་ཆུབ་ཀྱི་སེམས་སྔོན་དུ་འགྲོ་བས། ན་ར་ན་ར། ནི་རི་ནི་རི། ནུ་རུ་ནུ་རུ་སྭཱ་ཧཱ། ཡོན་པོ་སྣ་ཚོགས་སུ་གྱུར་པའི་མགོ
iiif viewer powered by OpenSeadragon
191a - 192a