| | e-texts navigator
|
190a1 འདས་བཞན་གཤེགས་པ་སྙོམས་པ་གས་བརྗིད་སྒྲུ་སྨན་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འས་བཞིན་གཤེགས་པར་གྲོ་དྲུག་དང་ལྡན་པའི་ཆུཆེན་པའི་སྨན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་དང་།
190a2 དེ་བཞིན་གཤེགས་པ་ཆུ་ཐོར་སྲིན་ཆེན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྦྱིན་ཆེན་གྱི་མཚ་གངས་ལ་མྱག་འཚལ་ལོ།། བཅོམ་ལྡན་འས་དེ་བཞིན་གགགས་པ་རང་མིའི་བབ་པན་བྱིན་ས
190a3 ཀུན་དུ་འགབས་པ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤྲིན་གཟུགས་མཐའ་ཡས་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
190a4 རྒྱས་སྤྲིན་ཆེན་པོ་ཐམས་ཅད་རྣམ་པར་སྒྲུབ་པ་མཛམ་བུའི་སྤྲིན་གྱི་དཔལ་གྱི་གཟི་བརྗིད་འོད་མཛད་པ་སྤྲིན་གྱི་འོད་ཟེར་ཅན་རྣམས་ལ་ཕྱག་འཚལ་ལོ། ། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་མཚན་འདི་དག་བརྗོད་པས་ཀླུ་ཐམས
190a5 ཅད་ཀྱི་སྡུག་བསྔལ་ཐམས་ཅད་རྒྱུན་ཆད་པ་དང་། བདེ་བ་ཐམས་ཅད་དང་ལྡན་པ་དང་། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་བའི་རྒྱུན་འབབ་པ་དང་། རྩཝ་དང་། ཤིང་གེལ་བ་དང་། སྨན་དང་། ནགས་ཚལ་དང་། ལེ་ཏོག་ཐམས
190a6 ཅད་བསྐྱེད་པར་བྱེད་དོ། ། དེ་ནས་བཅོམ་ལྡན་འདས་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་ཀླུའི་བདག་པོ་གཡོག་མཐའ་ཡས་རྒྱ་མཚོའི་སྤྲི་ནི་བཀོད་པའི་གཟི་བརྗིད་ཀྱི་དཀྱིལ་འཁོར་གདུགས་ལྟ་བུའི་རྒྱལ་པོས་གསོལ་བ་བཏབ་པ།
190a7 བཅོམ་ལྡན་འདས་སླད་མའི་ཚེ་སླད་མའི་དུས་ན། འཛམ་བུའི་གླིང་འདིར་ཆར་མི་འབབ་པའི་ཚེ་གང་དག་བརྗོད་ན་ཆན་གྱི་རྒྱུན་ཆེན་པོ་འབབ་པར་བགྱིད་པ་དང་། མི་བཟད་པའི་དུས་ཀྱི་ཚེ་དང་། གནོད་པ་འབྱུང་བའི་དུས་ཀྱི་ཚེ་དང་།
190a8 ཆོས་མ་ལགས་པས་སྐྱེ་བོ་འཐབ་པའི་དུས་ཀྱི་ཚེ་དང་། ཡམས་ཀྱི་ནད་དང་གནོད་པ་འབྱུང་བའི་དུས་ཀྱི་ཚེད། ན་དང་འཆི་བའི་དུས་ཀྱི་ཚེ་དང་།། མ་མ་རུངས་བགནས་པའི་དུས་ཀྱི་ཚེ་དང་ཡམས་ཀྱི་ནད་དང་། འཚེ་བ་དང་། གནོད་པ་ཐམས་ཅད་རབ་ཏུ་ཞི་བར
iiif viewer powered by OpenSeadragon
189b - 190b