e-texts navigator
Collection
Volume
Page
Wylie

188a1 རྒྱུན་ཆད་པར་འགྱུར། བདེ་བ་དང་ལྡན་པར་འགྱུར་རོ།། ཆོས་གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། བྱམས་པའོ།། ཀླུའི་བདག་པོ་བྱམས་པ་དེ་ལ་གནས་པའི་ལྷ་དང་མི་རྣམས་ནི་མེས་མི་ཚིག་མཚོན་གྱིས་མི་ཚུགས། ཆུས་མི
188a2 ཁྱེར། དུག་གིས་མི་ཚུགས། ཕ་རོལ་གྱི་དམག་ཚོགས་ཀྱིས་ཟིལ་གྱིས་མི་ནོན། བདེ་བར་གཉིད་ཀྱིས་ལོག་པར་འགྱུར།། བདེ་བར་སད་པར་འགྱུར། རང་གི་བསོད་ནམས་ཀྱིས་ཡོངས་སུ་བསྲུང་བར་འགྱུར། བསོད་ནམས་ཆེན་པོས་གཟི་བརྗིད
188a3 གྱིས་གཟི་ཅན་དུ་འགྱུར། ལྷ་དང་བཅས་པའི་འཇིག་རྟེན་གྱིས་མི་རྫི་བར་འགྱུར། མཛེས་པ་དང་མཐོང་ན་དགའ་བར་འགྱུར། འགྲོ་བ་ཐམས་ཅད་དུ་ཐགས་ཐོགས་མེད་པར་འགྱུར། སྡུག་བསྔལ་ཐམས་ཅད་རྒྱུན་འཆད་པ་དང་། རབ་ཏུ་དགའ་བར།།
188a4 འགྱུར། བདེ་བ་ཐམས་ཅད་དང་ལྡན་པ་དང་། མིའི་ཆོས་བླ་མ་རྟོགས་ནས་ལུས་ཞིག་པའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ཀླུའི་བདག་པོ་ལྷ་དང་མི་བྱམས་པ་ལ་གནས་པ་རྣམས་ཀྱི་ཕན་ཡོན་འདི་དག་གོ།། ཀླུའི་བདག་པོ
188a5 དེ་བས་ན་བྱམས་པའི་ལུས་ཀྱི་ལས་དང་། བྱམས་པའི་ངག་གི་ལས་དང་། བྱམས་པའི་ཡིད་ཀྱི་ལས་ཀྱིས་གནས་པར་བྱའོ།། ཀླུའི་བདག་པོ་གཞན་ཡང་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་གཟུངས་བརྗོད་པར་བྱ་སྟེ། དེས་ཀླུ་ཐམས་ཅད་ཀྱི
188a6 ཀླུའི་སྡུག་བསྔལ་ཐམས་ཅད་རྒུན་གཅོད་པར་བྱེད། བདེ་བ་ཐམས་ཅད་སྦྱིན་པར་བྱེད་དེ། འཛམ་བུའི་གླིང་འདིར་དུས་དུས་སུ་ཆར་གྱི་རྒྱུན་འབེབས་པར་བྱེད། རྩཝ་དང་། ཤིང་གལ་བ་དང་། སྨན་དང་། ནགས་ཚལ་དང་། ལེ་ཏོག་ཐམས་ཅད་སྐྱེ
188a7 བར་བྱེད་དོ། ། ཀླུའི་བདག་པོ་དེ་ལ་བདེ་བ་ཐམས་ཅད་སྦྱིན་པ་ཞེས་བྱ་བའི་གཟུངས་གང་ཞེ་ན།། ཏདྱ་ཐཱ། དྷཱ་ར་ཎཱི་དྷཱ་ར་ཎཱི། ཨུད་ཏཱ་ར་ནི། ས་མ་པྲ་ཏིཥྛི་ཏི། བི་ཛ་ཡ་བ་ར་ཎཱ། སཏྱ་པྲ་ཏིད་ཉ་སར་ཏ། ཛྙཱ་ན་བ་ཏི་ཨུད་དེ་བཱ་ད་ནི་བི་ནཱ་མ་ནི། ཨ་བྷི་ཤེ
188a8 ཙ་ནེ། ཨ་བྷི་བཱ་ཏཱ་ར། ཤུ་བྷ་བ་ཏི། ཨ་ཛི་མ་ཏུ། ཨེ་ཧཽ་ཀུ་མ་ཐ་ལ་ནི། བ་ཧ་ཏཱ་རཀླེ་ཤཱ་ན། དྷུ་ན་པཱ་བ་མ། ཤོ་དྷ་ཡ་མ་རྦཱ་ན། ནིར་ཏི་ཀ། དྷརྨ་ཏ་ཤུད་དྷ། ལོ་ཀ་བི་ཏི་མི་ར་ར་ཙ་སེ། དུཿཁ་ཤ་མ་ན་སརྦ་བུད་དྷ་ཨ་བ་ལོ་ཀི་ན་ཨ་དྷིཥྞཱི་ཏི། པྲཛྙཱ




iiif viewer powered by OpenSeadragon

187b - 188b

Texts on this page

Q334 - 'phags pa sprin chen po