e-texts navigator
Collection
Volume
Page
Wylie

159a1 སེམས་ཅན་དང་ལ་མཉེས་གཤིན་པ།། ནོར་བཟངས་སྲས་ཀྱི་གྲགས་པ་འདི།། དབུལ་བའི་ནད་ནི་ནི་བྱེད་པ།། རབ་ཏུ་བཤད་པ་ལེགས་པར་གསུངས།། དོན་ཀུན་གྲུབ་པ་གསང་བའི་སྔགས།། བདག་གིས་ཀྱང་ནི་འདིར་དབུལ་ཏེ།།
159a2 དེ་ནི་ལེགས་པར་དྲན་ཙམ་གྱིས།། མི་ནི་དབུལ་ལས་གྲོལ་འགྱུར་ཞིང་།། གཞན་གྱིས་མི་ཚུགས་སྲུང་བར་འགྱུར།། དགྲ་རྣམས་ཀྱིས་ཀྱང་མི་ཚོམས་ཤིང་།། བསྐལ་པ་བཟང་དང་སྐལ་དང་ལྡན།། ལོ་བརྒྱ་ཡང་ནི་འཚོ་བར་འགྱུར།། ལྷ་ཡི
159a3 གླང་པོ་རིན་ཆེན་དང་། ། རྒྱལ་དང་རྒྱལ་སྲིད་འོས་རྣམས་ཀྱང་།། ངེས་པར་མྱུར་དུ་ཐོབ་འགྱུར་ཏེ།། རྒྱལ་སྲིད་ཀྱང་ནི་ཐེ་ཚོམ་མེད།། ན་མོ་རད་ན་ཏྲ་ཡཱ་ཡ། ན་མོ་མ་ཎ~ཾ་བྷ་དྲཱ་ཡ།། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་ཧྲཱིཾ་ཧྲཱིཾ་ཀྵ་ཛྙཱ་ཧྲཱིཾ་ཧྲཾ། དཔེ་བྱ་རང་ནོག་པ་རི
159a4 ཤ་ན་ཨ་ཏ་བཱ་ཀ་དེ་བ་ཡཀྵ་ས་མ་ཡ་མ་ནུསྨ་ར་ཧཱི་ཧཱུཾ་ཕཊ་སྭཱ་ཧཱ། ། །། འཕགས་པ་གནོད་འཛིན་གྱི་མཚན་བརྒྱ་རྩ་བརྒྱད་པ་རྫོགས་སྷོ།། །། རྒྱ་གར་སྐད་དུ། མ་ཧཱ་ས་མཱ་ཛ་སུ་ཏྲ་ན་ནཱ་མ་མ་ཧཱ་སཱུ་ཏྲ་མེ།། བོད་སྐད་དུ། མདོ་ཆེན་པོ
159a5 འདུས་པ་ཆེན་པོའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་སེར་སྐྱའི་གནས་ཀྱི་ནགས་ཚལ་ན།། དགེ་སློང་ལྔ་བརྒྱ་ཐམས་ཅད
159a6 ཀྱང་དགྲ་བཅོམ་པ། ། ཟག་པ་ཟད་པ་བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་པོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག
159a7 དང་ཐབས་གཅིག་ཏུ་བཞུགས་སོ། ། དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་མྱ་ངན་ལས་འདས་པ་དང་ལྡན་པའི་ཆོས་ཀྱི་གཏམ་སྟོན་པར་མཛད་དེ།། དེའི་ཚེན་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ནས།
159a8 དབང་ཆེ་བར་གྲགས་པ། དབང་ཆེ་བར་གྲགས་པའི་ལྷ་དག་ལྷགས་ནས། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱེད་དོ།། དེ་ནས་ཚངས་རིས་ཀྱི་ལྷ་ཚངས་པའི་འཇིག་རྟེན་གནས་པ་བཞི་ཞིག་འདི




iiif viewer powered by OpenSeadragon

158b - 159b

Texts on this page

Q331 - 'phags pa gnod 'dzin gyi mtshan brgya rtsa brgyad pa zhes bya ba
Q332 - mdo chen po 'dus pa chen po'i mdo zhes bya ba