| | e-texts navigator
|
157a1 དྲ་ཡཱ་ཡ། ན་མོ་བྷ་ག་རཱ་ཏེ། ཤཱཀྱ་མུ་ན་ཡ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ་སཾ་མྱག་སཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ་ཨ་ཛི་ཏེ། ཨ་ཛི་ཏན་ཛ་ཡ། ཧ་ར་ཧ་ར། མཻ་ཏྲི་ཨ་བ་ལོ་ཀ་ཏེ། ཀ་ར་ཀ་ར། མ་ཧཱ་ས་མ་ཡ་སིད་དྷ།
157a2 བྷ་ར་བྷ་ར། མ་ཧཱ་བོ་དྷི་མ་ཎ་ཌ་བཱི་ཛེ། སྥ་ར་སྨ་ར། ཨ་སྶ་ཀང་ས་མ་ཡ་བོ་དྷི་བོ་དྷི། མ་ཧཱ་བོ་དྷི་སྭཱ་ཧཱ།། རྩ་བའི་གསང་སྔགས་སོ།། ཨོཾ་མོ་ཧི་མོ་ཧི། མ་ཧཱ་མོ་ཧི་སྭཱ་ཧཱ།། སྙིང་པོའོ།། ཨོཾ་མུ་ནི་མུ་ནི་སྭཱ་ཧཱ།། ཉེ་བའི་སྙིང་པོའོ།། གཟུངས
157a3 འདི་ཉན་པ་ཙམ་དང་། ཀློག་པ་དང་། ཁ་ཏོན་བྱེད་པ་དང་། ཚུལ་བཞིན་ཡིད་ལ་སེམས་པ་དང་། བསྒོམ་པ་ཙམ་གྱིས་གང་གི་ཚེ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར
157a4 པ་ན། བདག་གིས་སེམས་ཅན་དེ་ངེས་པར་བཙལ་བར་བགྱི་སྟེ།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ལུང་བསྟན་པར་བགྱིའོ།། བན་དུ་བཟོའི་ཕྱེ་གནས་སུ་གྱུར་པའི་རི་དགས་དང་། བྱ་རྣམས་ཀྱི་རྣ་། བུང་དུ་སྒྲོགས་པར་བྱེད་ན།
157a5 དེ་དག་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་འཐོབ་པོ།། འདི་ཐོས་པ་ཙམ་གྱིས་ནམ་དུ་ཡང་ངན་སོང་དུ་འགྲོ་བར་མི་འགྱུར་རོ།། ངན་སོང་གི་དྲི་མས་མི་གོས་སོ།། མའི་མངལ་དུ་ཡང་མི་སྐྱེའོ།། ལྷའི་བསྐལ
157a6 པ་སྟོང་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། ། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར་རོ།། ཇི་ལྟར་བསམས་ཤིང་དོན་དུ་གཉེར་བའི་ལོངས་སྤྱོད་འགྲུབ་པར་ང་བྱུང་ངོ་།། བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་དེ
157a7 བསྣུང་བར་མི་བགྱི་ལགས་སོ། ། ངེས་པར་བདག་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་པས།། དེ་ཇི་ལྟར་གྱུར་ཀྱང་རུང་།། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པར་བགྱིའོ།། འཕགས་པ་བྱམས་པས་དམ་བཅས
157a8 པ་ཞེས་བྱ་བའི་གཟུངས་རྫོགས་སོ། ། །། རྒྱ་གར་གྱི་མཁན་པོ་བཛྲ་པཱ་ཎི་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་སྦྱར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། !།། རྒྱ་གར་སྐད་དུ། ཨཱརྱ་ཛམ་བྷ་ལ་ནཱ་མ་ཨཥྚ་ཤ་ཏ་ཀ།
iiif viewer powered by OpenSeadragon
156b - 157b