e-texts navigator
Collection
Volume
Page
Wylie

156b1 ཞིང་མཁས་པ་ལགས།། ཁྱོད་ནི་བསོད་ནམས་དཔག་བསམ་ཤིང་།། བྱང་ཆུབ་ཡན་ལག་མེ་ཏོག་བརྒྱན།། རྣམ་གྲོལ་འབྲས་བུ་ཕྲན་སུ་མཚོགས།། ལུས་ཅན་ཀུན་གྱི་མཆོག་དུ་གྱུར།། ཡིད་དུ་འོང་ཞིང་ཡིད་འཕྲོག་པ།།
156b2 སྡིག་པ་མི་མངའ་ཚངས་པར་སྤྱོད།། ཁྱོད་ནི་མཇུག་རིངས་གཟའ་མཆོག་ལགས།། ཁྱོད་ནི་དྲང་སྲོང་ཐུབ་པ་མཆོག། ཁྱོད་ནི་རྒྱལ་ཚབ་དབང་བསྐུར་བ།། ས་བཅུའི་མངའ་བདག་གཙོ་བོ་ལགས།། དེད་དཔོན་འགྲོ་བ་རྣམས
156b3 ཀྱི་གཙོ། ། མྱ་ངན་འདས་པ་མཆོག་སྐྱོན་བཞིན།། ཁྱོད་ནི་ནམ་མཁའ་ས་ཆུ་བཞིན།། ཁྱོད་ནི་མེ་དང་རླུང་ལྟ་བུ།། ཁྱོད་ནི་ཡིད་བཞིན་ནོར་བུ་ལྟར།། སེམས་ཅན་རབ་ཀུན་རྫོགས་མཛད།། འབྱུང་པོ་ཀུན་གྱིས་ཕྱག་བགྱིས
156b4 པ། ། རིན་ཆེན་ཁྱོད་ལ་ཕྱག་འཚལ་ལོ།། འཇམ་དཔལ་གྱིས་ནི་བཀའ་སྩལ་བ།། ཨོཾ་བཱཀྱེ་དཾ་ན་མཿསྭཧཱ།། ཇི་སྐད་སྨོས་པའི་མཚན་རྣམས་དང་།། རིག་སྔགས་བཅས་པར་འཛིན་ན་ནི།། སྡིག་འགྱུར་རྣམ་དག་རབ་ཏུ་ཐོབ།
156b5 བརྒྱ་ལས་རྩ་བརྒྱད་ལྷག་པའི་མཚན།། སྐྱེས་བུ་དུས་གསུམ་སུ་ཀློག་པ།། དེ་འདོད་པསམ་དགྲ་ཡིད་བཞིན་དུ།། གདོན་མི་ཟ་བར་འགྲུབ་པར་འགྱུར།། བཟང་པོའི་མཚན་རྣམས་དྲན་ན་ནི།། མཚམས་མེད་སྐལ་པ་མཉམ
156b6 ཡི། ། ལས་རྣམས་མི་བཟད་གང་བྱས་པ།། དེ་དག་ཐམས་ཅད་མྱུར་དུ་འབྱང།། འཇིག་རྟེན་ཕ་རོལ་འཕོ་བ་དང་།། འཇིགས་པ་ཆེན་པོ་འབྱུང་བའི་ཚེ།། སེམས་ཅན་དག་པས་དྲན་བྱས་ནས།། འཇམ་པའི་དབྱངས་ཀྱང་ཐོབ་པར་འགྱུབ།
156b7 ཐོ་དང་ལྡན་པས་དྲན་བྱས་ཏེ།། ངེས་པར་གནས་ནས་སུ་ཀློག་པ།། སངས་རྒྱས་ཉིད་ནི་འདོད་ན་ཡང་།། ཐོབ་འགྱུར་འདི་ལ་ཐེ་ཙོམ་མེད།། འཕགས་པ་འཇམ་དཔལ་གྱི་མཚན་རྒྱ་རྩ་བརྒྱད་པ་རྫོགས་སྷོ།།
156b8 རྒྱ་གར་སྐད་དུ། ཨཱརྱ་མེ་ཏྲིན་པྲ་ཏིཛྙཱ་ནཱ་མདྷཱ་ཎཱི། བོད་སྐད་དུ། འཕགས་པ་བྱམས་པས་དམ་བཅས་པ་ཞེས་བྱ་བའི་གཟུངས།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། རྒྱལ་བབྱམས་པ་ལ་ཕྱག་འཚལ་ལོ།། ན་མོ་ངན




iiif viewer powered by OpenSeadragon

156a - 157a

Texts on this page

Q329 - 'phags pa 'jam dpal gyi mtshan brgya rtsa brgyad pa zhes bya ba
Q330 - 'phags pa byams pas dam bcas pa zhes bya ba'i gzungs