| | e-texts navigator
|
153a1 ཅན། རིན་ཆེན་ཏོག་སྟེ་ཆེར་བཞད་པ།། དགྱེས་པ་ན་བཟའ་སྣ་ཚོགས་གསེལ།། གཟིགས་པ་རིང་བ་སྤྱན་ཡངས་པ།། ནམ་མཁའ་བཞིན་དུ་ཐོགས་པ་མེད།། ཐོགས་པ་མི་དཔོགས་རིན་ཆེན་གཙུག། སྲིད་གསུམ་འདོད
153a2 པ་མེད་པའི་རྒྱུ། ། དུལ་བ་ཉོན་མོངས་དྲི་མ་བསལ།། དག་པ་གཙང་བ་གསོ་སྦྱོང་ཅན།། རྣམ་པར་གནོན་པའི་གཡུལ་ལས་འདས།། ལྗང་མདོག་སྐྱབས་མཛད་སྙིང་རྗེ་ཆེ།། སྟོབས་ཀྱིས་གྲགས་པ་རྒྱ་ཆེ་བ།། བསམས་ན་ཤེས་པའི
153a3 སྤྱོད་ཡུལ་ཅན། ། དཔའ་བོ་སེང་གེ་འཇིགས་པར་བྱེད།། སྡང་བ་རྣམས་ཀྱི་སྙེད་འཇོམས་པ།། མངའ་བདག་གྲགས་པ་ཡུལ་དང་ལྡན།། དགའ་བ་རྒྱ་ཆེན་རབ་འབྱུང་བ།། རིགས་མཁྱེན་རིགས་ཀྱི་སྙིང་པོ་མཁྱེན།། རིགས་ཀུན་དུ
153a4 ནི་མཆོད་པ་ལགས། ། རྒྱལ་པོ་རིགས་མཆོག་སྐྱེས་པའི་བརྟེན།། རྡོ་རྗེ་ཡི་ནི་དཀྱིལ་འཁོར་རྒྱན།། རྡོ་རྗེ་ས་འོག་རབ་གྲགས་པ།། རིག་སྔགས་འཆང་བ་སྟོབས་པོ་ཆེ།། མངོན་པར་འཕགས་པ་ཁྱབ་པ་མཆོག། འགྲིན་བཟངས
153a5 ནད་དང་བྲལ་བ་ལགས། ། སྐྱོསྦྱོར་མཛད་སྟོན་པ་དག་པ་སྟེ།། སངས་རྒྱས་ལམ་ནི་རབ་སྟོན་པ།། ། གྲོལ་ལ་སྨིན་མཛད་འདུད་པར་མཛད།། དཀྱིལ་འཁོར་མ་ལུས་རྣམས་ཀྱིས་བརྒྱན།། རབ་ཞུགས་དཀྱིལ་འཁོར་རྣམས་ལ
153a6 མཁས། ། རྡོ་རྗེའི་སློབ་དཔོན་ཡོན་ཏན་རྟེན།། གྲུབ་པ་སྦྱིན་པ་རྣམ་དག་མཆོག། ཚུལ་དང་ཚུལ་མིན་རྟོགས་པ་པོ།། དཀྱིལ་འཁོར་རྩ་སེར་མངའ་བ་སྟེ།། འོད་ཟེར་ལྗང་ཁུའི་འོད་དང་ལྡན།། སེར་ལ་ན་བཟའ་སེར་པོ་པནབས།
153a7 དཀྱིལ་འཁོར་མ་ལུས་ཀུན་གྱི་རྒྱན།། སྤྱན་རྩ་དམར་བ་ཟླ་བའི་དཔལ།། ནོར་བུ་སྣ་ཚོགས་འོད་འབྱུང་བ།། རྡོ་རྗེ་བརྒྱ་ཡི་སྟོབས་ཀྱིས་སྤྲོ།། མཉམ་ཉིད་མཉམ་པ་དྲི་མ་མེད།། སྐུ་ཡང་དག་ཅིང་ན་བཟའ་དག། དག་པ་མཁྱེན་ཅིང
153a8 དག་པར་ལྡན། ། དག་པའི་ཆོས་མངའ་སྣང་བ་སྟེ།། འབྱུང་ལྡན་སྲིད་པ་སེལ་མཛད་པ།། འཁོར་བ་ཟང་མཛད་ཤེས་རབ་ཅན།། ཚུལ་ཤེས་ཚུལ་ལ་སྤྱོད་ཕུལ་བ།། རྡོ་རྗེ་རྒྱ་མཚོའི་སྙིང་པོ་ལགས།། རྡོ་རྗེ་སེམས་དཔའ་དགེ་བ་ཆེ།།
iiif viewer powered by OpenSeadragon
152b - 153b