| | e-texts navigator
|
152b1 ཅད་མཁྱེན་པའི་ཉི་མའི་མཆོག། སྙིང་པོ་སྙིང་པོ་མཁྱེན་པར་གྲགས།། གསང་སྔགས་རོལ་ཅིང་རྒྱ་ཆེར་རོལ།། ས་ཡི་དབང་ཕྱུག་གར་ཐབས་ཅན།། སྒེག་པོ་ཞལ་བཟང་གར་མཁན་ལྡན།། འབྲས་བུ་མངོན་སུམ་སྟོན་པའོ།། རབ
152b2 འབྱོར་བློ་གྲོས་སྙིང་པོ་མཁྱེན། ། སྙིང་པོ་བརྙེས་པ་འཇིགས་པ་མེད།། མགོན་པོ་སངས་རྒྱས་གཟུགས་མངའ་བ།། ཤེས་རབ་ཀྱིས་ནི་མ་ལུས་གཟིགས།། འདོད་ཆགས་ལ་སོགས་སྐྱོན་བསལ་ཅིང་།། གར་ཐབས་ཆེན་པོ་སྟོན་པ་པོ།། སྟོན་པར་དཔག
152b3 བསམ་ཤིང་དང་འདྲ། ། ནམ་མཁའི་དབང་ཕྱུག་གསུང་སྙན་པ།། ཉི་མཚན་པོ་ཉིད་ཡིན་ཏེ།། དབང་ཕྱུག་ཆེན་པོ་འབར་བས་བསྐོར།། ཡོན་ཏན་མཐའ་ཡས་ལོངས་སྤྱོད་པ།། ས་ཡི་དབང་ཕྱུག་སྤྱོད་ཡུལ་ཅན།། ཆོས་ཀྱི་ལོངས་སྤྱོད་ལོངས་སྤྱོར
152b4 ཚེ། ཡོན་ཏན་རྒྱ་མཚོའི་གང་ཆེན་མཚོ།། ཡོན་ཏན་སྣ་ཚོགས་ལོངས་སྤྱོད་པ།། དེ་བཞིན་གཤེགས་པའི་རིགས་ཀྱི་མཆོག། ཐབས་ཚུལ་ཟབ་ལ་མཁས་པ་སྟེ།། ཐེག་པ་ཆེན་པོ་འཇིགས་པ་མེད།། མཆོད་པ་ཆེན་པོ་སྒྲ་ཆེ་བ།། ཟླ་ལྟར
152b5 གྲགས་པའི་དཀྱིལ་འཁོར་ཅན། ། རྡོ་རྗེ་འཆང་ཆེན་མཚན་བརྒྱ་པ།། རྡོ་རྗེ་དཀྱིལ་འཁོར་མེ་ཏོག་ཟོད།། བློ་གྲོས་ཆེན་པོ་ཕྱག་རིང་བ།། པད་མ་ཆེན་པོ་སྟོབས་པོ་ཆེ།། གསང་སྔགས་ཆེན་པོ་ཚོགས་ཆེན་པོ།། ས་གཞི་ཆེན་པོ་ལྷུན་པོ་ལགས།།
152b6 ལག་ན་རྡོ་རྗེ་ཡོན་ཏན་དེས།། ནོར་བུའི་མེ་ཏོག་ཐོད་ཀྱིས་བརྒྱན།། མཉམ་ཉིད་འབྱམ་ལ་ལོངས་སྤྱོད་པ།། རྒྱ་ཆེན་ཞིང་གི་རྒྱ་མཚོཅན།། རྡོ་རྗེའི་འོད་མདའ་རྡོ་རྗེ་ལྡན།། ས་ཡི་བདག་པོ་ལྷུན་པོ་བཞིན།། ས་ལ་ལོངས་སྤྱོད་ལོངས་སྤྱོད་བཟང་།།
152b7 མཚོན་ཆ་གཡོ་བ་ཕུན་སུམ་ཚོགས།། རབ་འབྱམ་སྣོད་ནི་རྣམ་པར་གྲགས།། སྦྲུམ་ཁས་རྡོ་རྗེ་དང་འཛིས་པ།། སྤྱན་ཏུ་ཡིད་ཙམ་དམར་བ་སྟེ།། མེ་ཏོག་སྔོན་པོའི་ཐ~ཾད་ཀྱིས་བཅིངས།། སྤྲོབ་ཆེན་པོ་ཕྱག་རིང་བ།། བན་ནི་པོ་བརྟན་ལ་བདེ་སྦྱིན
152b8 པ། ། དེད་དཔོན་དཔལ་བཟང་ཆེན་པོ་སྟེ།། གངས་ཅན་ལྷུན་པོ་ལྟ་བུ་ལགས།། དབང་པོ་གཤིན་རྗེ་རྒྱལ་ཆེན་དང་།། བཙན་པོ་ཁྱབ་འཇུག་སྟོབས་དབང་ཕྱུག། འཇིག་རྟེན་མཆོག་གིས་སངས་རྒྱས་ཚངས།། དེ་བཞིན་ཉིད་ཚུལ་སྤྱོད་ཡུལ
iiif viewer powered by OpenSeadragon
152a - 153a