e-texts navigator
Collection
Volume
Page
Wylie

14b1 བཟས། སེམས་ནི་བདུད་ཀྱིས་མ་འཁྲུགས་པའི།། སེམས་དཔའ་ཆེན་པོ་ཁ་ཅིག་ག་དྲོད་དང་དུང་འཕྲུལ་འབར་བ་དག། མཇུག་མ་དེ་ལས་འབྱུང་བར་འགྱུར།། དྲོ་བར་ཐར་བ་མཐོང་ན་ནི།། བྱང་ཆུབ་སེམས་དཔའ་འདྲ་བ་ལས།
14b2 སེམས་ཅན་རྣམས་ནི་ཐམས་ཅད་ལ།། དེས་ནི་ཕན་འདོགས་གནོད་པ་ནུས།། མཇུག་མ་བཟང་པོ་དེ་ལས་ནི།། དུ་བ་འབྱུང་བ་མཐོང་ན་ཡང་།། མྱུར་དུ་མི་སྣང་བར་ཡང་འགྱུར།། འདོད་པའི་གཟུགས་ཅན་ཡིད་འགྱོགས་བཞིན།། ནས་པ།
14b3 དང་ནི་འཆི་བ་མེད།། གནོད་སྦྱིན་རྣམས་ནི་ཡོངས་སུ་བསྐོར།། སེམས་ཅན་ཆེན་པོ་དེ་ཡི་གཟིས།། གལ་ཏེ་དེ་ནི་འབར་འགྱུར་ན།། རིག་འཛིན་དཔལ་དང་ལྡན་པར་འགྱུར།། ནམ་མཁའ་ལ་ནི་མྱུར་དུ་འགྲོ།། བདེ་བ་ཀུན་དང་ལྡན་པ་ཡིས།། རིག
14b4 འཛིན་རྣམས་ཀྱི་མཆོག་ཏུ་འགྱུར། ། གལ་ཏེ་ཟླ་བ་བཟས་བཏང་ལ།། དེ་ཚེ་གྲུབ་པར་མ་གྱུར་ནའང་།། མཇུག་མ་ལན་གཅིག་བསྐོར་བ་ཡིས།། དཔུད་རྣམས་གནོན་པའི་དངོས་གྲུབ་དང་།། གང་ཡང་རུང་བ་གཅིག་ཀྱང་གནོན།། མྱོས་པས་དྲེགས་པའི
14b5 གླང་པོ་དང་། ། སྟག་དང་སེང་གེ་ཝ་རྣམས་དང་།། རྟ་དང་ཤིང་རྟ་བྱ་རྣམས་དང་།། གྲུ་དང་གྲུ་ཆེན་བཞོན་པ་རྣམས།། བསྐོར་ན་ཐམས་ཅད་གནོན་པར་བྱེད།། མནན་པ་དག་ལས་ཐར་བར་ཡང་།། མཇུག་མ་འདིས་ནི་གདོན་མི་ཟ།། དེ་ནས་གཞན་ཡང་རོ།།
14b6 ལངས་ཀྱིས།། རྨུགས་པར་བྱ་བ་གསང་བར་བཤད།། དེ་ནས་ཚིལ་ཆེན་བླངས་ནས་ནི།། དེ་ཡང་ཐོད་པའི་ནང་དུ་བཞག། ཨ་ཤྭ་མར་དམར་པོ་ཡི།། ཤིང་བལ་འཇམ་པོའི་སྙིང་པོ་བྱ།། གདོལ་པའི་མེ་ཡིས་འབར་བྱས་ན།། ཉི་མ་ཟླ་བ་གཟས་ཟིན
14b7 ཚེ། ། ཐོད་པའི་དུད་བབླངས་ནས་ནི།། ཟླ་བ་འམ་ཡང་ན་ཉི་མདག། བཏང་བའི་བར་དུ་བཟླས་པར་བྱ།། ཡང་ན་ཨནའི་ཤིང་བལ་ལས།། དེ་ཡི་འོག་ཏུ་ལྕགས་ཐུར་གྱིས།། མིག་གཉིས་དག་ནི་བསླུ་བར་བྱ།། དེ་ལྟར་མིག་གཉིས་བསླུས་པ་ཡིས།། གས།
14b8 དག་བལྟས་པ་དེ་དག་ནི།། རྨུགས་པར་འགྱུར་བར་གདོན་མི་བ།། དེ་ནས་གདོང་དགུས་བལྟས་ན་ནི།། སླང་ཡང་དེ་ལས་ཐར་བར་འགྱུར།། དེ་ནས་གཞན་ཡང་མོངས་པ་ནི།། རྨོངས་པར་བྱེད་པ་མཆོག་བཤད་དོ།། མརྒ་ག་ཅིག་གི་རྩ་བ་དང་།




iiif viewer powered by OpenSeadragon

14a - 15a

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud