| | e-texts navigator
|
11b1 གང་གིས་སྔོར་དུ་བསྐྱེད་བྱས་པ།། དེ་ཡིས་བསྐུལ་བའི་ཆོག་ནི།། ཇི་སྐད་གསུངས་པའི་ལས་རྣམས་ལ།། མ་གྲུབ་ན་ནི་ངས་པར་སྦྱར།། གཞན་དུ་སྔགས་ནི་གཟིར་བྱས་ན།། བདག་ཉིད་ངེས་པར་འཆི་བར་འགྱུར།། ཁྱད་པར་དུ་ནི།
11b2 དཔའ་བོ་ཡི།། ཁྲོ་བའི་གཙོ་བོའི་སྙིང་པོ་ནི།། ཕྱག་རྒྱ་འདི་ནི་གཟིར་བྱས་ན།། འགྲོ་བ་མ་ལུས་འཁྲུག་པར་འགྱུར།། སྔགས་འདི་གང་དུ་བཟླས་པ་དེར།། འཇིག་རྟེན་འཇིག་རྟེན་ལས་འདས་པ།། དེ་དག་ཀུན་གྱི་ལུས་རྣམས་ནི།། དོགས།།
11b3 པ་མེད་པར་འཇིག་པར་འགྱུར།། ཕྱག་རྒྱ་འདི་ཡིས་གཟིར་གྱུར་ན།། དཔག་ཚད་བདུན་གྱི་དཀྱིལ་འཁོར་ན།། གཞན་གྱི་སྔགས་རྣམས་གང་ཡོད་དང་།། དགྲ་རྣམས་དྲེགས་པ་མེད་པར་བྱེད།། འབྱུང་པོ་སྐྲག་པར་བྱེད་པ་དང་།། དེ་བཞིན།
11b4 ལྷ་རྣམས་འགུག་པར་བྱེད།། ཁྲོ་བོ་རབ་ཏུ་དགའ་བར་བྱེད།། གཤིན་རྗེ་གཤེད་པོའི་མཐུ་ཡང་སྐྱེད།། ཡི་དགས་རོ་ལངས་རིགས་དག་ནི།། དེ་བཞིན་རབ་ཏུ་འཇིགས་པར་གསུངས།། བྱད་དང་གནོད་པ་སྐྲག་པ་ཡང་།། རབ་ཏུ
11b5 བསྐུལ་ན་འཇིག་པར་བྱེད། ། བགེགས་རྣམས་ཐམས་ཅད་འཇིག་པར་བྱེད།། འཆི་བ་ཐམས་ཅད་མེད་པར་བྱེད།། ཕོངས་པ་ཐམས་ཅད་མེད་བྱེད་ལ།། བེ་ཅོན་ཕྱག་རྒྱ་དྲག་པོར་བསྒྲགས།། དགྲ་དང་དེ་བཞིན་གནན
11b6 དག་ཀྱང་། ། སྐྱེ་བོ་དག་ལ་འདི་བཅིངས་བསྟན།། གཤིན་རྗེ་གཤེད་པོ་སྦྱར་ན་ནི།། དེ་ཡི་མོད་ལ་སྲོག་ཀྱང་འཕྲོག། མདོར་ན་སྙིང་པོ་ཕྱག་རྒྱ་ཡི།། ཆོ་ག་རང་ཤིས་དམ་ཚིག་ཅན།། ཁྲོ་བོའི་ཞལ་ནས་གསུངས་པ་འདི།། གསད་པར་རབ
11b7 ཏུབསྟན་པ་ཡིན། ། སྔགས་པས་ཁྲོ་བོའི་གཙོ་བོ་ནི།། གཤིན་རྗེ་གཤོད་པོ་གཅིག་དཔའ་བའི།། སྙིང་པོ་ཕྱག་རྒྱ་བེ་ཅོན་དང་།། སྙིང་པོ་དག་གི་སྦྱར་བར་བྱ།། འཇམ་དཔལ་གྱི་རྩ་བའི་ཆོ་ག་ཞིབ་མོ་ཁྲོ་བོ་རྣམ་པར་རྒྱལ་བ་ལས
11b8 བེ་ཅོན་གྱི་ཕྱག་རྒྱའི་ཆོ་ག་ཞིབ་མོ་རིམ་པར་ཕྱེ་བ་སྡེ་ལྔ་པའོ། ། །། དེ་ནས་ཡི་གེ་བཅུ་བདུན་པའི།། རྩ་བའི་སྔགས་ནི་གང་ཡིན་པ།། དེ་ཡི་ཕྱག་རྒྱ་གཞན་དག་ཀྱང་།། རོ་ལངས་ཞེས་ནི་བྱ་བ་ཡོད།། གཤིན་རྗེ་གཤེད་པོ
iiif viewer powered by OpenSeadragon
11a - 12a