e-texts navigator
Collection
Volume
Page
Wylie

11a1 ངེས་པ་དག་ཏུ་སྦྱར་ན་ནི།། སྔགས་པ་ཁྲོ་དང་ལྡན་པ་ཡིས།། ཁྲག་གི་ཆར་འབབ་བྱེད་པར་གསུངས།། ཐ་མར་ཧཱུཾ་བརྗོད་ཧ་ཧ་ཧྭཱ་ཏཱ་བེ་ཏ་ལི་ཕཊ།། ཅེས་བདག་གིས་བྱ།། སྔགས་པ་དཔའ་དང་ལྡན་པ་ཡིས།། བསྐུལ་ནས
11a2 མྱུར་དུ་རྨོངས་པར་འགྱུར། ། ཐ་མར་ཧཱུཾ་བཛྲོད་ཧ་ཧ་ཧ།། དེ་བཞིན་ཨན་ད་ཡ་དང་ཕཊ།། བསྐུལ་བ་འདི་དག་དང་ལྡན་ན།། འགྲོ་བ་དག་དང་ལྡན་ན་ནི།། འགྲོ་བ་དག་ནི་ལྡོངས་པར་བྱེད།། ཐ་མར་ཧཱུཾ་བརྗོད་དེ་ནས་ཧཱུཾ།། དེ་བཞིན་དྲིང་དྲིང་ཛ་ཛ
11a3 གཞག། ཐ་མར་དྲིང་དང་ཕཊ་ལྡན་ན།། འགྲོ་བ་དེ་མ་ཐག་ཏུ་འབེབས།། ཁྲོ་བོ་ཆེན་པོ་འདི་ཡི་ནི།། ཕྱག་རྒྱ་དེ་ལྟར་གྲུབ་གྱུར་ན།། དེ་ཚེ་ལས་རྣམས་ཐམས་ཅད་ནི།། ཡིད་ཀྱིས་བསྐུལ་བ་ཙམ་གྱིས་བྱེད།། བྱང་ཆུབ་སེམས་དཔའི་ཐམས
11a4 ཅད་ཀྱི། ། དམ་ཚིག་རབ་ཏུ་སྐོར་བ་ཡིན།། སྒྲུབ་པ་གང་དང་གང་འདོད་པ།། དེ་ནི་ཐོགས་པ་མེད་པར་བྱེད།། གལ་ཏེ་དེར་ནི་མ་གྲུབ་ན།། འདི་ཡི་སྔོན་དུ་བསྙེན་པ་ནི།། ཆོ་ག་བཞིན་དུ་འབུམ་བྱས་ལ།། དེ་ནས་བློ་ལྡན་བསྒྲུབ་ལ་འཇུག།
11a5 དེ་ཚེ་དེ་བཞིན་གཤེགས་པ་ཡི།། སྔ་མའི་དམ་ཚིག་བསྐུལ་བ་བཞིན།། དེ་ནས་སླར་ཡང་སྔགས་རྣམས་ལ།། ཐོགས་པ་མེད་པར་དེ་བཞིན་སྦྱར།། ཕྱག་འཚལ་བ་དང་ཀུན་ཏུ་ལྡན།། དེ་ཡི་ཐོག་མར་ཨོཾ་གཞག་ལ།། ཨོཾ་ཞེས་བྱ་བ
11a6 གཞན་ཡང་གཞག། ཨ་ཞེས་བྱ་བ་གཉིས་པའོ།། དེ་ཡི་ཚིག་གི་མཇུག་ཏུ་ཧཱུཾ།། གཞག་སྟེ་དེ་ནས་ཚིག་རྣམས་ཀུན།། དེ་ལྟར་ཀྲོ་དྷ་བི་ཛ་ཡ། ཨག་ནི་ར་ཛྭ་ལི་ཛི་ཧ་ཏ་ཤྲཱི།། ཚིག་རྣམས་གཞན་ནི་བརྗོད་པར་བྱ།། དེ་ནས་དེ་ཡི་ཐ་མར་ཧཱུཾ།
11a7 དེ་བཞིན་ཚིག་གི་ཐ་མར་ཨོཾ།། མཐའ་མར་ཨཱ་གཞག་དེ་ཡི་མཐར།། ཧཱུཾ་དང་སཽ་ཊི་ལག་གཉིས་བསྒོམ།། པྲ་བུ་ཏ་ཞེས་ལག་གཉིས་བསྒོམ།། དེ་ནས་དེ་བཞིན་གཤེགས་པ་ཡི།། བཀའ་ལུང་གི་ནི་ཕྱག་རྒྱ་དེ།། གཟིར་ནས་རང་གིས
11a8 བཟླས་བརྗོད་བྱ། ། དེ་ལྟར་བཟླས་བརྗོད་འབུམ་བྱས་ནས།། ཁྲོ་བོ་ཆེན་པོ་དེ་ཡིས་ནི།། ཀུན་ལ་ཅི་རིགས་བསྐུལ་ནས་སུ།། ལས་རྣམས་ཐམས་ཅད་བསྒྲུབས་པར་བྱ།། ཁྲོ་བོ་གཙོ་བོ་དེ་ཡི་ནི།། བཀའ་བཞིན་བྱེད་དེ་གཞན་དུ་མིན།།




iiif viewer powered by OpenSeadragon

10b - 11b

Texts on this page

Q291 - khro bo rnam par rgyal ba'i rtog pa gsang ba'i rgyud