e-texts navigator
Collection
Volume
Page
Wylie

110b1 ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ། ། དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང་། ནམ་མཁའི་སྙིང་པོ་དང་། སྒྲིབ་པ་རྣམ་པར་སེལ་བ་དང་། འཇམ་དཔལ་དང་། སྤྱན་རས
110b2 གཟིགས་ཀྱི་དབང་ཕྱུག་དང་། ཕྱག་ན་རྡོ་རྗེ་དང་། བྱམས་པ་ལ་སོགས་པ་རྣམས་མངོན་པར་དགའོ།། ལྷ་དང་མེ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན
110b3 འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ། འཕགས་པ་མི་གཡོ་བའི་གཟུངས་ལས་ལེའུ་དགུ་པའོ།། འཕགས་པ་མི་གཡོ་བ་ཞེས་བྱ་བའི་གཟུང་ས་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་དྷརྨ་ཤཱི་མི་ཏྲ་དང་། བོད་ཀྱི་ལོ་ནུབ
110b4 དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ། །། རྒྱ་གར་སྐད་དུ། ཨཱརྱ་བཛྲ་ཀྲོ་དྷ་རཱ་ཛཱ་ཀ་ལ་པ་ལ་གྷུ་ཏན་ཏྲ་ནཱ་མ། བོད་སྐད་དུ། འཕགས་པ་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ཅེས་བྱ
110b5 བ། འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་རུས་གཅིག་ན། བཅོམ་ལྡན་འདས་གཞན་འཕྲུལ་དབང་བྱེད་ཀྱི་ནམ་མཁའི་རླུང་གི་དཀྱིལ་འཁོར་རྡོ་རྗེ་སྙིང་པོར་བྱིན་གྱིས་བརླབས་པའི་སྟེང་དུ
110b6 རིན་པོ་ཆེ་སྣ་བདུན་ལས་གྲུབ་པ་ལྷའི་གཞལ་མེད་ཁང་བྱེ་བ་ཕྲག་བརྒྱད་བཅུས་བསྐོར་བའི་དབུས་སུ་དཔག་ཚད་འབུམ་ཕྲག་ཁྱབ་པའི་ཁང་པ་བརྩེག་མ་ཤིན་དུ་མཐོ་བ། ཀུན་ཀྱང་རིན་པོ་ཆེ་དུ་མའི་ཁྲི་པད་མ་དང་། སེང་གེས
110b7 མཐོ་བ། དབུ་རྩེ་རིན་པོ་ཆེའི་ཟུར་མངས་ཀྱི་མཆོད་རྟེན་པད་མ་དང་། འཁོར་ལོ་དང་། གདུགས་མཐོ་བར་དྲངས་པ་ལ་དར་གྱི་དབྱངས་ལྡང་བ། དེའི་གྲིབ་མ་ས་གཞི་ལ་བཀོད་པ་ན་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ལྷའི
110b8 བཞོན་པ་ལས་བབས་ནས་ནང་དུ་གཤེགས་པ། སྣ་ཚོགས་པའི་དྲིལ་བུ་དང་། བ་དན་དང་། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་དང་། དྲ་བ་དང་། དྲ་བ་ཕྱེད་པ་དང་། རྔ་ཡབ་དང་། ཟླ་བ་ཕྱེད་པ་དང་། རྡོ་རྗེ་ཕྱེད་པ་དང་། ཆུན་འཕྱང་ཤར་བུ




iiif viewer powered by OpenSeadragon

110a - 111a

Texts on this page

Q319 - 'phags pa rdo rje khro bo'i rgyal po'i rtog pa bsdus pa'i rgyud ces bya ba
Q318 - 'phags pa mi g.yo ba zhes bya ba'i gzungs