e-texts navigator
Collection
Volume
Page
Wylie

308a1 དུ་དང་མྱུར་བའི་དུག་དང་། ། ཁརྫས་ཀྱི་དྲུག་དང་། རྩ་བའི་དུག་དང་། གཅན་ཅན་མཆེ་བའི་དྲག་བཅོམ་མོ།། དུག་ངེས་པར་བཅོམ་མོ་ཤེས་བརྗོད་པར་བྱའོ།། དྲག་ཐམས་ཅད་ཞི་བར་བྱེད་པའི་གཟུངས་རྫོགས་སོ།། འཕགས་པ
308a2 སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། ཏ་རེ་ཏེ་རེ་ཏ་ར་ཡ། བྷ་ག་བ་ཏེ། བན་དྷ་མོ་ཙ་ནི་སྭཱ་ཧཱ། འཕགས་པའི་སྔགས་དེ་བཟླས་བརྗོད་བྱས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ།། བཅིངས་པ་ལས་གྲོལ་བའི་གཟུངས་རྫོག་སྷོ།།
308a3 འཕགས་པ་བདུད་ཐམས་ཅད་སྐྲག་པར་བྱེད་པ་ཞེས་བྱ་བ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། ཨོཾ་སརྦ་ཏ་བཱ་ག་ཏ་མ་ནི་ཤ་ཏ་དྷི་བ་ཏི། ཛྭ་ལ་ཛྭ་ལ། དྷཱམ་དྷ་ཏྲུ་ག་རྦྷེ། མ་ནི་མ་ནི་མ་ཧཱ་མ་ནི། ཧྲི་དཱ་ཡ་མ་ན~ཾ་སཱ་ཧཱ།། སྔགས
308a4 འདི་བརྗོད་པས་དཀར་པོའི་ཕྱོགས་ཀྱི་ལྷ་རྣམས་དགའ་ཞིང་བསྲུང་ངོ་། ། ནག་པོའི་བདུད་ཐམས་ཅད་དང་ང་ཞིང་བརྒྱལ་ལོ།། དྲེགས་པ་མ་རུངས་པ་རྣམས་སྐྲག་པ་དང་བརྒྱལ་ལོ།། བདུད་སྐྲག་པར་བྱེད་པའི་གཟུངས་རྫོགས་སྷོ།། །།
308a5 རྨ་འབྱོར་པར་བྱེད་པ་ཞེས་བྱ་བའི་གཟུངས་སྔགས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ།། ཨོཾ་ཨུབས་ཨུབས་སུམ་སུམ། སརྦ་ནན་རྦད་སྭཱཧཱ། ཧཱུཾ་ཕཊ། ཤ་མ་ཤན་ཏི་ཀུ་རུ་ཡེ་སྭཱཧཱ། ལན་གསུམ་བརྗོད་དེ་རྨལ་མཆིལ
308a6 མ་བྱུགས་ན་རྡོས་ཕོག་པ་དང་། མཚོན་བརྒྱབ་པ་དང་། རྩ་ཆད་པ་དང་། ཀླད་པ་ཆག་པ་རྣམས་སོས་པར་བྱེད་དོ།། རྨ་འབྱོར་པར་བྱེད་པའི་གཟུངས། རྫོགས་སྷོ།། མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས།། བསིལ་མཛད་ཆུ་ཡི
308a7 ལྷ་ལ་ཕྱག་འཚལ་ལོ། ། ཨོཾ་བྷྲ་མ་ནི་བྷྲ་མ་ནི། ཛྷ་རི་བྷྲ་མ་ནི་སྭཱ་ཧཱ། ཞེས་ལན་བཅུ་གཅིག་བརྗོད་དེ་མཆིལ་མ་བྱུགས་ནམས་ཚིག་པའི་ཟུག་རྔུ་ཞིའོ།། མེའི་ཟུག་རྔུ་རབ་ཏུ་ཞི་བར་བྱེད་པའི་གཟུངས་རྫོགས་སྷོ།། མཁྲིས་པའི་ནད་སེལ
308a8 བའི་སྔགས། དཀོན་མཆོག་ག་སུམ་ལ་ཕྱག་འཚལ་ལོ།། ན་མོ་ཧི་དུ་ཧེ་གེ་སྭཱ་ཧཱ། བསིལ་ཡབ་ཀྱིས་ལུས་ལ་གཡབས་ན་མཁྲིས་པའི་ནད་དང་། མིག་སེར་དང་། གཡའ་བའི་ནད་སེལ་བར་བྱེད་དོ།། མཁྲིས་པའི་ནད་སེལ་བའི




iiif viewer powered by OpenSeadragon

307b - 308b

Texts on this page

Q259 - dug zhi bar byed pa zhes bya ba
Q260 - bcings pa las grol ba'i gzungs
Q261 - 'phags pa bdud thams cad skrag par byed pa zhes bya ba
Q262 - rma 'byor bar byed pa zhes bya ba'i gzungs sngags
Q263 - me'i zug rngu rab tu zhi bar byed pa'i gzungs
Q264 - mkhris pa'i nad sel ba'i sngags
Q265 - bad kan gyi nad sel ba'i gzungs
Q266 - k+Sha ya'i nad sel ba'i sngags
Q267 - 'phags pa rims dang srog chags kyis mi tshugs pa zhes bya ba'i gzungs
Q268 - stong chen mo nas phyung ba sman la sngags kyis gdab po