| | e-texts navigator
|
306b1 མཞུ་བའི་ནད་འབྱུང་བའི་གཟུངས་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་གཟིགས་ལ་ཕྱག
306b2 འཚལ་ལོ། ། ཏཛཥྛ། དཱི་རི་ཏི།། ཏསྐར་བད་དྷས། མ་ཙ་ལ་མ་ཙ་ལ་སཱ་ཧཱ། ལན་བདུན་བརྗོད་དེ། འཕགས་པ་འཇམ་དཔལ་ལ་གསོལ་བ་བཏབ་ན་མ་ཐམས་ཅད་བྱམས་པར་འགྱུར་རོ།། འཕགས་པ་སྣང་བ་ཐམས་ཅད་རབཙུན
306b3 བར་བྱེད་པའི་གཟུངས་རྫོགས་སྷོ། ། ། དཀོན་མཆོག་གསུམ་ལི་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ།། ཨོཾ་ཀུམ་རུ་རུ་བ་དྷཱ་རི་ཎི་བི
306b4 ཤྲས་བྷ་ཨ་གཙྪ་ཨ་གཙྪ། ལ་གྷུ་ལ་གྷུ། དྷྭཾ་བྷཱུ། ཧཱུཾ་ཧཱུཾ། ཛི་ན་ཛི་ཀ་མཉྫུ་ཤཱི་ཡེ། ཏ་ར་ཡ་མཱཾ། སརྦ་དུཿཁེ་བྷྱཿཕཊ་ཕཊ། ས་མ་ཡ་ས་མ་ཡ། ཨ་མྲི་ཏྭོད་བྷ་བོད་བྷ་བ། བཱ་བཾ་མེན་ཤཱ་ཡ་སྭཱ་ཧཱ།། སྡིག་པ
306b5 ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཨོཾ་བཀ་བ་ཙེ། ཛ་བྷ་ནི། སྟཾ་བྷ་ནི། མོ་ཧ་ནི། སརྦ་ངོ་ཤག་ནས་ནི་སྭཧཱ་ཤར་ཕྱོགས་སུ
306b6 བལྟས་ཏེ་འདུག་ལ། སྔགས་འདི་བརྗོད་ཅིང་རང་གི་ལག་པས་སྣ་བདུན་གདོང་ལ་བླགས་ནས་ཚོགས་ཀྱི་ནང་དུ་སོང་ན་ཁྲོས་པ་དགའ་བར་འགྱུར་རོ།། ཁྲོ་བཞི་པར་བྱེད་པའི་གཟུངས་རྫོགས་སྷོ།། །། འཕགས་པ
306b7 ཁྲོ་བ་ཞི་པར་བྱེད་པའི་གཟུངས་དཔལ་ཆེན་མོ་ལ་ཕྱག་འཚལ་ལོ། ། ཀ་ཏཾ་བི་ཀ་ཏེ། རོ་ཤ་པྲ་ཤ་མ་ནི་སྭཱ་ཧཱ། གང་ཁྲོས་པའི་མདུན་དུ་བརྗོད་ན། དེའི་ཁྲོས་བཞི་ནས་ངེས་པར་འོང་ངོ་།། ཁྲོས་པ་ཞི་བའི་གཟུངས།
306b8 རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ན་མོ་བྷ་ག་བ་ཏེ། ཨུ་ཤྲཱི་ཥ་ཡ་དྷ་རེ། རིན་ཏེ་སྭཱ་ཧཱ།། མ་བསྒྲུབས་ཀྱང་ལས་ཐམས་ཅན་འགྲུབ་པར་འགྱུར་ཏེ། འགིའུ་ཝད་ལས་ལན་བརྒྱ་རྩ་བརྒྱད
iiif viewer powered by OpenSeadragon
306a - 307a