e-texts navigator
Collection
Volume
Page
Wylie

301a1 ཨུ0f7fའབྲུམ་ནི་བྱས་གྱུར་ན། དགོངས་པ་ཐམས་ཅད་འགྲུབ་པར་འགྱུར།། སྟོན་པ་ཤཱཀྱའི་ཐུགས་རྗེ་འདི།། གེ་སློང་ནེར་བ་ན་རཀྵི་ཏས།། ཐོ་གར་ཡུལ་ནས་རྙེད་པ་སྟེ།། འགྲོ་བ་ཀུན་གྱི་དཔལ་རུ་ཤར།། འཕགས་པ་རྟེན་ཅིང་འབྲེལ་པར།
301a2 ལུང་ག་སུས་སྟོམ་རྗེ་། སྔོན་པ་ད་གསུག་ཞེ་པ། ཏུ་བྱེད་འདུག་དག་ས།། བྷ་ག་དུ། ཆུབ་ཀྱི་དུ་ད་ཤཱ་སུག་དག་སུས་ན་པག་མིཐ་ལ་རང་འབྱུང་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱབ།
301a3 ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅག་ན།། བཅོམ་ལྡན་འདས་སུམ་ཅུ་རྩ་གསུམ་ལྷའི་གནས་ན་ཨར་མེ་ནིག་ལྟ་བུའི་རྡོ་ལེབ་ལ། ཚེ་དང་ལྡན་པ་རྟ་ཐུལ་ལ་སོགས་པ་ཉན་ཐོས
301a4 ཆེན་པོ་རྣམས་དང་། འཕགས་པ་བྱམས་པ་དང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང། ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོན་ཏན་རིན་པོ་ཆེ་དཔག་ཏུ་མེད་པས་བརྒྱན་པ་རྣམས་དང་མི
301a5 མཇེད་ཀྱི་བདག་པོ་ཚངས་པ་ཆེན་པོ་དང་སྲེད་མེད་ཀྱི་བུ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་རྣམས་དང་། ལྷའི་དབང་པོ་བརྒྱ་བྱིན་དང་།། དྲི་ཟའི་རྒྱལ་པོ་ཟུར་ཕུང་ལྔ་པ་ལ་སོགས་པ་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས
301a6 བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་སྟེ་བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་ང་རི་རབ་ཀྱི་རྩེ་མོ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ
301a7 ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་འདི་དག་ནི་མཆོད་རྟེན་བགྱིད་པར་འཚལ་བ་ཤ་སྟག་སྟེ། འཁོར་གྱི་དཀྱིལ་འཁོར་འདིར་མཆིས་ན།། ཅི་ནས་ཚངས
301a8 པའི་བསོད་ནམས་འཕེལ་བ་དང་། ལྷ་དང་བཅས་པ་བདུད་དང་བཅས་པ། ཚངས་པ་དང་བཅས་པའི་འཇིག་རྟེན་དང་། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་ལས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་དགེ་བསྙེན་མ




iiif viewer powered by OpenSeadragon

300b - 301b

Texts on this page

Q220 - 'phags pa rten cing 'brel bar 'byung ba'i snying po'i cho ga'i gzungs
Q221 - 'phags pa rten cing 'brel bar 'byung ba zhes bya ba theg pa chen po'i mdo