| | e-texts navigator
|
275b1 འདས་ལ་ལན་གསུམ་སྐོར་བ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་སྔགས་མཐུ་ཆེན་པོ་འདི་ནི་ཡིད་བཞིན་གྱི་ནོར་བུ
275b2 རིན་པོ་ཆེ་ལྟ་བུར་མཐོང་བ་དང་། ཐོས་པར་དཀའ་བ་ལགས་ཏེ། བཅོམ་ལྡན་འདས་བདག་ཅག་ལྷན་ཅིག་ཚོགས་ནས་སླད་མའི་དུས་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་གཟུང་བར་བགྱིའོ།། རྒྱས་པར་བགྱིའོ།། སེམས་ཅན་ཐམས་ཅད་ལ
275b3 བསྒྲག་པར་བགྱིའོ། ། འདི་འཛིན་པའི་སེམས་ཅན་ཆེན་པོ་དེའི་སྐད་བཞིན་འབྲང་ཞིང་རྟག་ཏུ་རྒྱུན་མི་འཆད་པར་བསྲུང་བ་དང་། བསྒྲུབ་པ་དང་སྦ་བར་བགྱིའོ།། བུ་བཞིན་དུ་ཡོངས་སུ་བསྲུང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ
275b4 པ། གྲོགས་པོ་དག་ལེགས་སོ་ལེགས་སོ།། ཁྱེད་ཀྱིས་དེ་ལྟར་གྱིས་ཤིག། རིག་སྔགས་ཀྱི་རྒྱལ་མོ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འདི་ངས་ཁྱེད་ལ་གཏང་ངོ་།། འཕགས་པ་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ
275b5 དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་དང་དམ་ཚིག་ལ་རྣམ་པར་ལྟ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ། ། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དྷེ་ཡེ་ཤེས་སྡེས་སྒྱུར་ཅིང་ཞུས་ཏེ་གཏན་ལ།
275b6 བབ་པ།། རྒྱ་གར་སྐད་དུ། ཨཱརྱ་ས་རྦོར་ག་པྲ་ཤ་མ་ནི་ནཱ་མ་དྷཱ་ར་ཎཱི།། བོད་སྐད་དུ། འཕགས་པ་ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་གཟུངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གྲི
275b7 ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཆོས་ཀྱི་རྣམ
275b8 གྲངས་འདི་ཟུང་ཤིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་གྱིས་ཤིག། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་སྟོན་ཅིག། ཏདྱ་ཐཱ། ཙི་ལི་མི་ཙི་ལེ་མི། བ་ན་ན་ཀོ་ཀི་ལི། ཤྲི་མ་ཏི། ཀུཎ་ཌ་ལེ། དུན་དུ་བྷི། ཨིན་དྲ་ནི་མུ་ལེ་སཱཏྲ།
iiif viewer powered by OpenSeadragon
275a - 276a