| | e-texts navigator
|
274b1 གཉིས་ལན་བརྒྱམ་བརྒྱད་བཟླས་བརྗོད་བྱས་ཤིང་རིང་བསྲེལ་དང་བཅས་པའི་མཛོད་རྟེན་ལ་བཀོར་པ་བྱས་ན་འཟླས་བརྗོད་བྱས་པ་ཙམ་གྱིས་འཕྲལ་དུ་མཚོ་ཆེནུལ་སྒྲ་འཐུང་སྟེ། ། ལེགས་སོཞེས་བྱ་བ་སྦྱིན་པར་འགྱུ་རོ། འབྲལ་དུ་དག
274b2 སྒྲིབ་པ་དང་ཉོན་མོངས་པ་ཐམས་ཅད་དང་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་གི་དྲི་མ་དང་སེར་སྣ་དང་། ཕྲག་དོག་དང་བྲལ་བར་འགྱུར་རོ།། ལུས་དྲི་མ་མེད་ཅིང་ཡོངས་སུ་དག་པར་འགྱུར་རོ།། སྐྱེས་པ་འམ་བུད་མེད་དམ་ཁྱེའུ་འམ་བུ་མོ
274b3 གདདང་གཏམ་བྱས་པ་དེ་དག་ཐམས་ཅད་ཀྱང་སྡིག་པ་རྣམས་ལས་གྲོལ་བར་འགྱུར་རོ། དུད་འགྲོའི་སྐྱེ་གནས་སུ་སོང་བ་ལ་སྨྲས་ན་ཡང་དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཐམས་ཅད་ལས་ཡོངས་སུ་ཐར་པར་འགྱུར་རོ།། འི་ཚོགས་ཐམས
274b4 ཅད་ལ་སྨྲས་ན་ཡང་བྱའི་ཚོགས་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ། ། ཐ་ན་ཁྱི་དང་རུ་སྦལ་དང་། སྦྲུལ་དང་བྱི་ལ་དང་སྲེ་མོ་དང་། སྲོག་ཆགས་སྣ་ཚོགས་ལ་སྨྲས་ན་ཡང་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་རོ།། བྱེ་མ་ལ་ལན་ཉི་ཤུ་རྩ
274b5 གཅིག་བཟླས་བརྗོད་བྱས་ཏེ་དུར་ཁྲོད་དུ་གཏོར་ན། གང་གི་རུས་པ་ལ་ཕོག་པ་དེ་དག་སེམས་ཅན་དམྱལ་བ་གང་དང་གང་དུ་སྐྱེས་པ་དེ་དང་དེ་ནས་ཡོངས་སུ་ཐར་ཏེ་མཐོ་རིས་སུ་སྐྱེ་བར་འགྱུར་རོ།། གང་དག་མཐོ་རིས་སུ་སྐྱེས་པ་དེ་དག་གི་ལུས
274b6 ལ་མེ་ཏོག་གི་ཆར་འབབ་པར་འགྱུར་རོ། ། གཅན་ཟན་དང་བྱ་སྣ་ཚོགས་གང་དག་དུར་ཁྲོད་དེར་འགྲོ་བ་དེ་དག་ཐམས་ཅད་ཀྱང་བདེ་འགྲོར་འགྲོ་བར་འགྱུར་རོ།། རི་ལ་གཏོར་ན་རི་དགས་དང་། བྱ་རྒྱུ་བ་དེ་དག་ཐམས་ཅད་བདེ་འགྲོར་འགྲོ་བར་འགྱུ་རོ།།
274b7 ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པར་སྣང་བ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྙིང་པོ་ལན་བརྒྱ་སྟོང་བཟླས་བརྗོད་བྱས་ན། གལ་ཏེ་མཚམས་མེད་པ་ལྔ་བྱེད་པ་དག་མནར་མེད་པར་ལྷུང་ནས་གདུང་བ་བསྲེགས
274b8 པ་ལས་འཕྲལ་དུ་ཡོངས་སུ་ཐར་བར་འགྱུར་རོ། ། ལན་འབུམ་བཟླས་བརྗོད་བྱས་ན། གལ་ཏེ་མགུལ་ནས་ཐག་པས་བཏགས་ཏེ། ཁྲིད་པ་ཡང་གཤིན་རྗེའི་གནས་ན་འཕྲལ་དུ་ལྡོག་པར་འགྱུར་རོ།། དེའི་འཇིགས་པ་ཆེན་པོ་ལས་ཡོངས་སུ
iiif viewer powered by OpenSeadragon
274a - 275a