| | e-texts navigator
|
273b1 ཚེ་རབས་དྲན་པར་འགྱུར་རོ། ། རྟག་ཏུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ལྟ་འདོད་པར་འགྱུར་རོ།། བསམ་པ་ཐམས་ཅད་ཡིད་བཞིན་དུ་ཡོངས་སུ་རྫོགས་པར་འགྱུར་རོ།། གལ་ཏེ་ཆོ་ག་བྱ་བར་འདོད་ན་དེས་ཁྲུས་བྱས་ལ་གོས་གསར་བ
273b2 བགོས་ཏེ། སྤོས་ཀྱི་དཀྱིལ་འཁོར་གྲུ་བཞི་པ་བྱའོ།། སྙིང་པོའི་རིག་སྔགས་ཀྲོ་ག་ལ་བྲི་བར་བྱའོ།། མཆོད་རྟེན་ལྔ་གདབ་པར་བྱའོ།། རིག་སྔགས་འདི་ཡང་མཆོད་རྟེན་གྱི་ནང་དུ་བཞག་པར་བྱའོ།། མཆོད་རྟེན་བཞིན་གྲཝ་བཞིར་གཞག་གོ།
273b3 གཅིག་ནི་དཀྱིལ་འཁོར་གྱི་དབུས་སུ་གཞག་ཀོ། ཤིང་བུ་བཙུགས་ཏེ་བ་དན་དམར་པོ་དཔྱད་བར་བྱའོ།། མེ་ཏོག་གིས་གཏོར་རོ།། བུམ་པ་གང་བ་ལྟ་གཞག་གོ།། གྲཝ་བཞིར་པོག་པོར་བཞི་ནས་དུ་རུ་ཀ་དང་། ཨ་ག་རུ་དང་ཙན་དན་དང་།
273b4 གུ་གུལ་གྱི་བདུག་པས་བདུག་པར་བྱའོ།། ཡིད་བཞིན་གྱི་ནོར་བུ་རིན་ཆེན་འདི་གཉིས་ཀྱང་ཡན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱའོ།། སྙིང་པོའི་སྔགས་བརྗོད་ཅིང་དཀྱིལ་འཁོར་ལ་བསྐོར་བ་བརྒྱ་རྩ་བརྒྱད་བྱའོ།། ནད་ཀྱིས་བཏབ་པ་དང་གནོད
273b5 པདང་ནད་ཚབས་ཆེ་བ་དང་། ཚེ་ཟད་པ་དང་དུས་མ་ཡིན་པར་འཆི་བས་འཇིགས་པ་དང་། རྒྱལ་པོ་དང་ཕ་རོལ་ཀྱི་དམག་ཚོགས་ཀྱིས་སྐྲག་པ་དང་བུ་འདོད་པ་དཀྱིལ་འསོར་ལ་མངོན་ཕྱོགས་པར་གཞག་གོ།། རྨ་བྱའི་སྒོ་ལྔས་བྱབ་པར་བྱའོ།།
273b6 བཆོད་རྟེན་གྱི་དཀྱིལ་འཁོར་མཆོད་པར་བྱའོ།། ཆོ་ག་འདི་ལན་ཅིག་བྱས་ན་གལ་བ་ལུ་བསགས་པའི་ལས་ཀྱི་སྒྲིབ་པ་དང་བྲལ་ནས་སྒྲིབ་པ་མེད་པར་འགྱུར་རོ།། ནད་ཐམས་ཅད་དང་ཉོན་མོངས་པ་ཐམས་ཅད་དང་། སེམས་ཅན་དམྱལ
273b7 བདང་དུང་འགྲོའི་སྒྲ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་ངན་སོང་ཐམས་ཅད་དང་། འཇིགས་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་འགྱུར་རོ།། ཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་སྡུག་བསྔལ་དང་སྒྲིབ་པ་དང་སྡིག
273b8 པ་དང་གདུག་པ་ཐམས་ཅད་ཚེ་རབས་གཅིག་ནས་གཅིག་ཏུ་བརྒྱུད་དེ། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དུ་རྣམ་པར་འཇིག་པར་འགྱུར་རོ།། ཚེ་ཟད་པ་ཡང་ཕྱིར་ནུར་ཞིང་ཚེ་རིང་བར་འགྱུར་རོ།། ཡུན་རིང་དུ་ནད་ཀྱིས་བརྙོངས་ཏེ་ཤན
iiif viewer powered by OpenSeadragon
273a - 274a