| | e-texts navigator
|
221b1 སྲིན་པོ་ལ་སོགས་པས་གཙེ་བར་མི་འགྱུར།། དེ་ལ་དུས་མ་ཡིན་པར་འཆི་བའི་འཇིགས་པ་མི་འབྱུང་བར་འགྱུར། རྟག་ཏུ་དཔལ་དང་ལྡན་པར་འགྱུར། དེའི་སྡིག་པ་ཐམས་ཅད་ཡོངས་སུ་བྱང་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག
221b2 ཕྲག་འབུམ་གྱིས་དགེ་བའི་རྩ་བ་བསགས་པ་ཡང་དེ་ལ་ཉིན་ཅིག་བཞིན་མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་དེ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡོངས་སུ་ཟིན་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་འཐོབར
221b3 འགྱུར་ན། གང་འཛིན་པ་དང་། ཀློག་པ་དང་ཡིད་ལ་བྱེད་པ་དང་། མི་གཏོང་བར་འཛིན་པ་ལྟ་ཅི་སྨོས་ཏེ་དེའི་སྒྲིབ་པ་ཐམས་ཅད་བྱང་བར་འགྱུར་རོ།། དེས་ངན་སོང་གི་སྒོ་རྣམས་བཅད་པར་འགྱུར་རོ།། དེས་ངན་སོང་དང་ངན་འགྲོ་རྣམས
221b4 རྒྱང་བསྲིངས་པར་འགྱུར་རོ། ། གང་ཞིག་ནང་པར་ལངས་ནས་སུ།། ལན་ཅིག་ཀློག་པར་བྱེད་པའི་མི།། སྲིད་པ་ཉམ་དང་གང་བྱས་པ།། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། སྲིན་པོ་ལ་སོགས་ཆོམ་རྐུན་དང་།། མཚོན་དང་དགྲ
221b5 ཡིས་མི་ཚུགས་ཤིང་། ། དུས་མིན་འཆི་ལས་རབ་ཏུ་ཐར།། རྟག་ཏུ་དཔལ་དང་ལྡན་པར་འགྱུར།། འཆི་བའི་དུས་ཀྱི་ཚེ་ན་ཡང་།། ངན་འགྲོ་རྣམས་ལས་བསྲིངས་འགྱུར་ཏེ།། སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ནས།། བདེ་བ་ཅན
221b6 དུ་སྐྱེ་བར་འགྱུར། ། དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ་མངོན་པར་བསྟོད་དོ།། འཕགས་མ་ལྷ་མོ་བརྒྱད་ཀྱི་གཟུངས་རྫོག་སྷོ།། །། རྒྱ་གར་གྱི་མཁན་པོ་ཤི
221b7 ལེན་དྲ་བོ་དྷ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། ། 6།། རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏོ་ཤྩི་ཤ་བི་ཛ་ཡ་ནཱ་མ་དྷ་ར་ཎཱི་ཀ་ལ་པྲཱ་ཧི་ཏ།། བོད་སྐད་དུ། དེ་བཞིན་གཤེགས་པ།
221b8 ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས
iiif viewer powered by OpenSeadragon
221a - 222a