| | e-texts navigator
|
215a1 འགྱུར་རོམ་པའི་སྙིང་པོ་རིག་པ་དང་བཅས་པ། ། རྫོགས་སྷོ།། རྒྱ་གར་སྐད་དུ། ཨཱརྱ་ཨརྠ་པྲ་དཱིབཏྟཱ་ར་ནྟི་བི་དྱཨཱརྱཱཿ།། བོ་ད་སྐ་དང།། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་སྨིན་མ་མཆོག་གི་གཟུངས།། སངས་རྒྱས།
215a2 དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་བ་ན་དགེ་སློང་སྲོང་ཉིས་བརྒྱ
215a3 ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། ལྷ་དང་མི་འབུམ་ཕྲག་དུ་མ་དང་། བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མ་དང་ཐབས་ཅིག་ཏུ་བཞུགས་ཏེ།། ཡོངས་སུ་བསྐོར་ཅིང་མདུན་གྱིས་བལྟས་ནས་ཆོས་སྟོན་ཏེ།། སངས་རྒྱས
215a4 ཀ་ཡི་ཞིང་འདི་ནས་སངས་རྒྱས་ཀྱི་ཞིང་བྱེ་བ་བརྒྱ་ཕྲག་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་མཐའ་ཡས་ཤེས་བྱ་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྒྲོག་མ་མཆོག་ཅེས་བྱ་བ་དེ
215a5 ལྟ་ལ་བཞུགས་ཏེ་འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་པ་དེས་བྱང་ཆུབ་སེམས་དཔའ་འོད་ཆེན་པོ་དང་། འོད་དཔག་མེད་ཅེས་བྱ་བ་བྱང་ཆུབ་སེམས་དཔའ་གཉིས་འཇིག་རྟེན་གྱི་ཁམས་མི་མཇེད་འདིར་བཏང་ངོ་།། དེ་ནས་བྱང་ཆུབ
215a6 སེམས་དཔའ་དེ་གཉིས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ག་ལ་བ་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ག་ལ་བདེར
215a7 སོང་སྟེ་ཕྱིན་ནས། ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་དེ་གཉིས
215a8 ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་སངས་རྒྱས་ཀྱི་ཞིང་བྱེ་བ་ཕྲག་འབུམ་འདས་པ་ན་འཇིག་རྟེན་གྱི་ཁམས་མེ་ཏོག་མཐའ་ཡས་ཞེས་བགྱི་བ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག
iiif viewer powered by OpenSeadragon
214b - 215b