e-texts navigator
Collection
Volume
Page
Wylie

213b1 ད་འཟབ་མོ་དང་རྩོད་པ་དང་། འགྱེད་པ་དང་། གཡུལ་འགྱེད་པ་དང་། ཁྲག་ཁྲུག་དང་འཇིགས་པ་ཐམས་ཅད་དགག་པར་བགྱིའོ།། མཚམས་དགུམ་པར་བགྱིའོ།། ཏད་ཡ་ཐཱ། ཛེ་ཡེ་ཛེ་ཡེ་ཛེ་ཡེ། མ་ཧཱ་ཛ་ཡེ། མི་ལི་མན་སི། ཛྙེ་ཛྙེ་ཛྷི། མུ་རུ་མུ
213b2 རུ། ཏུ་ནུ་ཏུ་ཊུ། མུ་མུ་ལེ། མཱརྒ་བ་ཏི། དྷུ་དྷུ་མེ། བེ་ག་བེ་ག་དྷཱ་རིརྟྟི། ཏེ་ཛ་བ་ཏཱི། བདག་དང་སེམས་ཅན་ཐམས་ཅད་འཇིགས་པ་དང་། གནོད་པ་ཐམས་ཅད་དང་དུས་མ་ཡིན་པར་འཆི་བ་ཐམས་ཅད་ལས་སྲུངས་ཤིག་སུངས་ཤིག་སཱ
213b3 ཧཱ། བཅོམ་ལྡན་འདས་གཟུངས་ཀྱི་གསང་སྔགས་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ། བྱིན་གྱིས་བརླབས་པ་ལགས་སོ།། ཏད་ཡ་ཐཱ། བུད་དྷེ་བུད་དྷེ། བུདཱ་བ་ཏཱི། བུད་དྷ་ཨ་བབྷཱ་ས་ནི་དྷརྨ་བ
213b4 ཏཱི་ས་མ་ཧི་ཏེ། ས་མཱ་དྷི་གརྦྷེ། བུད་དྷ་ཨ་བ་བྷཱ་ས་ནི། བུད་དྷ་པ་རི་ཧ་རི། དྷརྨ་ཨ་བ་བྷ་ས་ནི་སྭཱ་ཧཱ།། སུ་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ལས་འདའ་བར་བགྱིད་པ་དེ་ནི་མགོ་སི་ཏ་ཀེའི་འབྲས་བུ་བཞིན་དུ་ཚལ་བ
213b5 བདུན་དུ་འགས་སོ། ། སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་འཆང་དམ། ཀློག་གམ་མཆོད་པར་བགྱིད་དམ། ཡི་གེར་འདྲི་འམ།། གླེགས་བམ་ལ་བྲིས་ཏེ། གྲོང་ངམ། གྲོང་ཁྱེར་རམ་གྲོང་རྡལ་ལམ་ལྗོངས
213b6 སམ། རྒྱལ་པོའི་ཕོ་བྲང་འཁོར་ཏམ། གཙུག་ལག་ཁང་དུ་འཇོག་ན།། དེར་བདག་ཚོགས་ཀྱི་གཡོག་དང་བཅས་ཤིང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རིག་སྔགས་འཛིན་པ་དེའི་སླད་བཞིན
213b7 དུ་འབྲངས་ཏེ་བསྲུང་བར་བགྱིའོ། ། དཔག་ཚད་བརྒྱ་སྟོང་ཚུན་ཆད་དུ་མཚམས་དགུམ་པར་བགྱིའོ།། སླར་རྒོལ་བ་དང་དགྲ་དང་། གཡུལ་འགྱེད་པ་དང་འཐབ་པ་དང་འཚང་འདྲུ་བ་དང་། ཐབ་མོ་དང་འགྱེད་པ་ཐམས་ཅད་མ
213b8 མཆིས་པར་བགྱིའོ། ། སླར་བཟློག་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ།། སེམས་ཅན་ཆེན་པོ




iiif viewer powered by OpenSeadragon

213a - 214a

Texts on this page

Q193 - 'phags pa rgyal ba can zhes bya ba'i gzungs