e-texts navigator
Collection
Volume
Page
Wylie

213a1 ནམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་ཤིང་། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུན་ཕྲག་དུ་མ་དང་ལྷན་ཅིག་ཏུ་ནད་འགོ་བ་དང་། མིངས་དེ་རབ་ཏུ་ཞི་བར་བྱེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་གསང
213a2 བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། ། བཅོམ་ལྡན་འདས་འདི་ལས་ལྷག་པའི་རིག་སྔགས་ཆེས་སྟོབས་དང་ལྡན་པའམ། གཟི་བརྗིད་ཆེ་བ་འམ། རྫུ་འཕྲུལ་ཆེ་བའི་མཐུ་ཆེ་བ་གང་ཡང་མ་མཆིསོ། རིག་སྔགས
213a3 ཐམས་ཅད་ཀྱི་མཆོག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཡུལ་གང་དང་གང་དུ་སྤྱོད་པར་འགྱུར་བའི་གནས་དེ་དང་དེ་དག་དུ་སངས་རྒྱས་ཀྱི་མཛད་པ་མཛད་པར་འགྱུར་རོ། ། ཏད་ཡ་ཐཱ། བཛྲེ་བཛྲེ་བཛྲེ། མ་མི་ཏི་བཛྲེ། ཛྭ་ལེ་ཎ
213a4 བཛྲེ་ཧུ་ཏྲ་ཤ་ནི་བྷན་ཛཱ། བྷན་ཛཱ། བྷན་ཛཱ། ཛམ་བྷ། སྟམ་བྷ་ཡ། སརྦ་གྲ་ཧཱ་ནཱ་ན། ཧཱུཾ་ཧཱུ~ཾ་ཧཱུ~ཾ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། ཕཊ་ཕཊ་ཕཊ། ཏ་ཊ་ཏ་ཊ་ཏ་ཊ། མུ་རུ་མུ་རུ་མུ་རུ། དྷ་མ་དྷ་མདྷམ། ཛྭ་ལ་ཛྭ་ལ་ཛྭ་ལ། ཁུ་ཁུ་མེ།
213a5 ཁུ་ཁུ་མེ། གྷོ་རེ་གྷེ་རི་གྷ་རི། བཛྲ་མཱ་ན་ས། བཛྲ་ཏུ་ཏི། ཧུ་ཏི་རུ། ཕུ་རུ་ཕུ་རུ། གྲེ་ས་གྲྀ་སཾ། སརྦ་ཨ་ཧི་ཏི་ཥི་ཎཱ་ན། ནཱ་བུ་རུ་ཎི། མུ་མུ་ལེ། བཛྲ་པྲ་དཱི་པ་ནི། ཙ་མ་ལེ་ཕུ་སྭཱ་ཧཱ། ཨ་ཡུ་བ་ལ་ནི་ཙུ་ཙུ་རེ་སྭཱ་ཧཱ། ཛ་ཡེ་ཛ་ཡེ་ཛ་ཡ་སམ
213a6 བྷཐཱ་བེ་སྭཱ་ཧཱ། ། ཛ་ཡོད་ཏ་མེ་སྭཱ་ཧཱ། ཛེ་ཡ་བ་ར་དེ་སྭཱ་ཧཱ། ཛ་ཡན་དྷ་ར་སྭཱ་ཧཱ། ཛ་ཡ་མཱ་ན་སི་སྭཱ་ཧཱ། ཛ་ཡ་བཛྲ་སྭཱ་ཧཱ། ཨ་རྡི་ཏ་བཛྲ་ཡ་སྭཱ་ཧཱ།། མ་ཧཱ་བཛྲཱ་ནི་ཏཱ་ཤ་ན་ཡ་སྭཱ་ཧཱ། ཨ་མོ་གྷ་བཛྲ་ཏསྟ་སྭཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས
213a7 ཀྱི་བུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས
213a8 འདི་ལ་བསྲུང་བསྔལ་བར་བགྱི། ཡོངས་སུ་བསྐྱབ་པ་དང་། ཡོངས་སུ་གཟུང་བ་དང་། ཆད་པ་སྤང་བ་དང་། མཚོན་ཆ་སྤང་བ་དང་། དུག་དགུམ་པ་དང་མི་མཛུབ་དགག་པ་དང་། དུས་མེ་ལགས་པར་འགུམ་པར་དགག་པ་དང་འཐབ་པ




iiif viewer powered by OpenSeadragon

212b - 213b

Texts on this page

Q193 - 'phags pa rgyal ba can zhes bya ba'i gzungs