| | e-texts navigator
|
202b1 འདི་མི་འདུག་པར་གྱུར་ཅིག། སྦྱིན་པར་བྱེད་པའི་གན་དུ་སོང་ཅིག། འཛིན་པའི་གན་དུ་སོད་ཅིག། མེའི་ནང་དུ་སོང་ཤིག། ཆུའི་ནང་དུ་སོང་ཅིག། ཐང་ལ་སོང་ཅིག། ཁ་བའི་ནང་དུ་སོང་ཤིག། རྩིག་པའི་ནང་དུ་སོང་ཅིག།
202b2 ནམཁའ་ལ་སོང་ཅིག། སའི་ནང་དུ་སོད་ཅིག། ཞི་བར་གྱུར་ཅིག་སྭཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར
202b3 བསྟོད་དོ། འཕགས་པ་དུགསེལ་ཞེས་བྱ་བའི་རིག་སྔགས་རྫོགས་སོ།། @6།། རྒྱ་གར་སྐད་དུ། ཨཱརྱ་ཧིར་ཎྱ་བ་ཏཱི་ནཱ་མ་དྷ་ར་ནཱི།། བོད་སྐད་དུ། འཕགས་པ་དབྱིག་དང་ལྡན་པ་ཞེས་བྱ་བའི་གཟུངས
202b4 སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། ། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོམ་ལྡན་འདས་དགའ་ལྡན་ན་ལ་བ་དཀར་པོའི་ལྟ་བུའི་རྡོ་ལེབ་ལ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་དུ་མ
202b5 ཐམས་ཅད་ཀྱང་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ། སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་དང་། ཐབས་ཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས
202b6 དཔའ་སེམས་དཔའ་ཆེན་པོ་ལེགས་པར་གནས་ལ་བཀའ་སྩལ་པ། ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་དབྱིག་དང་ལྡན་པའི་གཟུངས་འདི་འཛིན་པར་མི་འདོད་པ་དེས། འདས་པ་དང་།
202b7 མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་རྣམས་མ་མཐོང་ངོ་།། མ་ཐོས་སོ།། མ་མྱོང་ངོ་།། གང་གིས་འདི་ལྟར་དེ་བཞིན་གཤེགས་པ་རྣམས་མཐོང་བ་དང་། ཐོས་པ་དང་། མྱོང་བ་དྲི་གཟུངས་ཐོབ་བོ།། དེ་ཅིའི
202b8 ཕྱིར་ཞེ་ན། འདི་ལྟར་ལེགས་པར་གནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་བདག་གི་བསོད་ནམས་བྱས་སོ་ཞེས་མི་འཛིན་ན། བདག་གིས་བསོད་ནམས་མ་ཡིན་པ་དང་། དགེ་བ་དང་། མི་དགེ་བ་བྱས་སོ་ཞེས།
iiif viewer powered by OpenSeadragon
202a - 203a