e-texts navigator
Collection
Volume
Page
Wylie

201b1 བྷྱཉྫབྷཉྫ། སར་སར། མཱ་རཱ་མ་རཱ། མ་དཱ་ཡ་ས་རཱ་ཡ། བཙབ་ཙ། དགད་ཧ། ཧྲཱིནྡ་ཧྲཱིཿ། སྣང་བའི་གདོན་དང་། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་ཞག་བཞི་པ་དང་། ཞ
201b2 བདུན་པ་དང་། རྟག་པའི་རིམས་དང་། ཡུད་ཙམ་པ་དང་། འབྱུང་པོ་དང་། རོ་ལངས་དང་། ཡི་དགས་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གྲུལ་བུམ་གྱི་གདོན་དང་། མངལ་ལས་སྐྱེས་དང་། ལས་ལས་སྐྱེས་པ་དང
201b3 འགྲོ་བ་དང་། གནས་པ་འདི་དག་དང་། སྣང་བ་གང་དག་བདག་ལ་འཚེ་བ་དང་། གདུག། པ་དེ་དག་ཐམས་ཅད། སཾ་དྷ་ལ་ས་དྷ་ཡ། མར་དྷ་ཡ་མར་དྷ་ཡ། ཤོ་ཥ་ཡ་ཤོཥ་ཡ། ཏཱ་པ་ཡ་ཏཱ་པ་ཡ། ཨུང་ཀྵདྷ་ཡ་ཨུད་སཱ་དྷ་ཡ། དན
201b4 ཏན་བཛྲན། ས་ས་ད་ཎ་ཌེན། མཱ་ར་ཡ་མཱ་རཱ་ཡ། གགེ་ན། དྷཱུ་བྷྲཱུཾ་ཧཱུཾ། ཧཱུ~ཾ་ཧཱུ~ཾ་ཙྪ། དྷཱུ་ཧཱུཾ་དྷྭཾ། ཨོཾ་ཙ་ལེ་ཙུ་ལེ། ཙུན་དེ་སརྦ་ཨཪྠ་སཱ་དྷ་ཡ་སྭཱ་ཧཱ། བཅོམ་ལྡན་འདས་མ་འཕགས་པ་ལྷ་མོ་བསྐུལ་བྱེད་མའི་མཐུ་དང་ཥྚྲྀན
201b5 གྱིས་རླབས་ཀྱིས་བདག་གནོད་པ་ཐམས་ཅད་ལས་དགེ་བར་གྱུར་ཅིག་སྭཱ་ཧཱ། ། འཕགས་སྔ་ལྷ་མོ་སྐུལ་བྱེད་མ་ཞེས་བྱ་བའི་གཟུངས་རྫོགས་སྷོ། 6།། རྒྱ་གར་སྐད་དུ། ཨཱརྱ་རྡི་གུ་ལཱནཱ་མ་བི་དྱ།
201b6 བོད་སྐད་དུ། འཕགས་པ་དུག་སེལ་ཞེས་བྱ་བའི་རིག་སྔགས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད
201b7 ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློང་དག་ང་སྔོན་བྱུང་བ་བྱང་ཆུབ་སེམས་དཔར་གྱུར་པ
201b8 ན། གངས་ཀྱི་རིའི་བྱང་ངོས་ན། སྤོས་དང་ལྡན་པའི་རི་བོ་ལ།། རིའི་རྒྱལ་པོའི་སུལ་གནས་ཚེ།། གཞོན་ནུ་བསོད་ནམས་བརྒྱའི་མཚན།། ཨེ་ན་ཡའི་ལྤགས་གྱོན་ལ།། སྦྲུལ་གྱིས་བརྒྱན་པའི་སྐ་རགས་ཅན།། གདུ




iiif viewer powered by OpenSeadragon

201a - 202a

Texts on this page

Q188 - 'phags pa lha mo skul byed ma zhes bya ba'i gzungs
Q189 - 'phags pa dug sel zhes bya ba'i rig sngags