| | e-texts navigator
|
200b1 འཆད། ཡུངས་ཀར་ཤ་ཆེན་ཕྱེ་མ་དང་།། དུར་ཁྲོད་ཐལ་བདུག་སྣ་ཚོགས།། ཁྲོ་ཆུ་བྱེ་མའི་སྦྱིན་པསྲེག་སྟོང་།། ཁྲོས་པས་བྱས་ན་ལྷ་ཚོགས་འཇིགས།། ཨུཏ་བལ་དམར་དང་ཡང་ན་དཀར།། གུར་གུམ་བཟང་པོའི་སྦྱིན་བསྲེག་ནི། སྟོང
200b2 རྣ་བརྒྱད་ཙམ་པ་སྲེག་བྱས་པས། ། རིགས་ལྡན་བུ་མོ་དབང་དུ་འགྱུར།། མ་དྲར་དང་ཡུངས་ཀར་དང་།། བའི་འོམ་སྟོང་བསྲེགས་ན།། རྣམ་ཐོས་རྒྱལ་པོའི་གཏེར་ཙམ་གྱིས།། ལོངས་སྤྱོད་ཆེན་པོ་འཐོབ་པར་བྱེད།། ཨོཾ་ར། རཱཿུ
200b3 ཨོཾ། བསྲུང་བའི་སྔགས་སོ།། ཨོཾ་ཤཱ་ན་ཏ~ཾ་ཀུ་རུ་ཨོཾ།། ཐམས་ཅད་དུ་ཞི་བའི་སྔག་སོ།། ཧཱ་ལཱ་ཤཾ་ཀུ་རུ་ཧཱ། མཐའ་དག་དབང་དུ་བྱའོ།། སྭ་བུས་ཏི་ཀུ་རུ་སྭཱ་ཧཱ།། ཐམས་ཅད་དུ་རྒྱས་པར་བྱེད་པའི་སྔགས་སོ།། ཕཊ་ཧཱུ~ཾ་མཱ་ར་ཡ་མཱ་ར་ཡ་ཧཱུ~ཾ་པཀགསོད།
200b4 པའི་སྔགས་སོ།། བ་བི་དེ་ཤ་ཡ་བཾ། དབྱེ་བར་བྱེད་པའི་སྔགས་སོ།། ཨོཾ་ཨུ་ཙ་ད་ཡ་ཨུཾ། བསྐྲད་པར་བྱེད་པའི་སྔགས་སོ།། ལཾ་སྟཾ་པ་ཡ། སྟཾ་པ་ཡ་ལཾ། རེངས་པར་བྱེད་པའི་སྔགས་སོ།། རཾ་ཛྭ་ར་ཛྭ་ར་རཾ། རིམས་བསྐྱེད་པའི་སྔགས་སོ།། ཛ་ཨཱ་ཀར་ཥཱ
200b5 ཡ་ཧཱི། དགུག་པའི་སྔག་སོ།། ཨོཾ་བཱ་རི་ཤ་པ་ཏཱ་ཡ། པ་ཏ་ཡ་ཨོཾ། ཆར་པ་འབབ་པའི་སྔགས་སོ།། ལཾ་ཤཾ་ལཾ་བྷི་སྟཾ་བྷ་ཡཾ་ལཾ། སེར་བ་བཅད་པའི་སྔགས་སོ།། རྡོ་རྗེ་ཏེ་ཡ་ཛེ་ཏེ་ཡ་ཛོ། ཞི་བར་བྱེད་པའི་སྔགས་སོ།། ཧཱུཾ་ཡ་ར་ཡཉྩ་མནྟ་ཏན་ཏྲ།
200b6 ཙྪིན་དྷཙྪིན་དྷ། བིན་དྷ་བིན་དྷ། བན་དྷ་བན་དྷ། ཞེས་པ་ནི་ཐམས་ཅད་དུ་རིག་སྔགས་གཅོད་པར་བྱེད་པའི་སྔགས་སོ།། རིག་པའི་རྒྱལ་པོ་བླ་མེད་ནི།། གསང་ཆེན་འདི་ལས་འབྱུང་བར་འགྱུར།། གསང་ཆེན་རྒྱུད་འདེ་ངོ་མཚར་ཏོ།། རྨད་བྱུང
200b7 བས་ཆེ་རྨད་དུ་བྱུང། ། བསྟན་པའི་སྙིང་པོ་གསང་ཆེན་འདི།། གསུངས་པའི་དེ་མ་ཐག་ཏུ་ནི།། ཕྱོགས་བཅུའི་རིག་སྔགས་འཆང་བ་རྣམས།། ངོ་མཚར་སྐྱེས་ནས་ཐལ་མོ་སྦྱར།། བདེ་བའི་སྙིང་པོ་ཤིན་དུ་ལེགས།། ལེགས་སོ་ལེགས་སོ་རྡོ་རྗེ
200b8 འཛིན། ། གང་ལ་བདེ་བསྐྱེད་དཔལ་ཐོབ་བྱེད།། བདག་ཅག་རྣམས་ལ་ཐུགས་རྗེ་ཡིས།། རྒྱུད་ཀྱི་སྙིང་པོ་འདི་བཤད་པ།། རྗེ་ཆེན་ལེགསོ་ངོ་མཚར་ཆེ།། འཕགས་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལས་སྦྱིན་བསྲེག་གི་ལེའུ་སྟེ་བཞི་པའོ།།
iiif viewer powered by OpenSeadragon
200a - 201a