e-texts navigator
Collection
Volume
Page
Wylie

199b1 གི་འཁོར་ལོ་བསྲད་པ་ཡི། ། ཐབས་དང་ལྡན་པར་བྲི་བྱས་ནས།། དུར་ཁྲོད་ས་ལས་བྱས་པ་ལི།། རྔ་མོའི་སྙིང་ཁར་བཅུག་ནས་ཀྱང་།། རྐང་པ་གཡོན་པས་མནན་ནས་ནི།། ལྷོར་བལྟས་བཀའ་ཡི་སྦྱོར་བ་ཡིས།
199b2 གསང་སྔགས་ཀྱི་ཕྲག་གཅིག་བརྗོད་ན།། བསྐད་པ་ཉིད་ལ་ཐེ་ཙོམ་མེད།། སྦྲུལ་དང་སྲེ་མོའི་ཁྲག་གིས་ནི།། རྟ་དང་མཧེའི་ལྤགས་པ་ལ།། མཉམ་དུ་གཉིས་ཀྱི་གཟུགས་བྲིས་ཏེ།། དབྱེ་བའི་སྔགས་དང་བཅས་པ་ཡི།། འཁོར་མོ་ཚང
199b3 པའི་གཟུགས་བྲིས་ལ། ། ལྤགས་པ་གཉིས་ཀྱིས་དཀྲིས་བྱས་པ།། ཟླ་གམ་བྱེ་བྲག་དཀྱིལ་འཁོར་ལ།། བརྟེན་པས་དབྱེ་བའི་སྦྱོར་བ་རྫོགས།། མཚལ་དང་ཙན་དན་ག་བུར་བསྲེ།། ཟླ་གམ་དབྱིབས་ཀྱི་དཀྱིལ་འཁོར་ལ།
199b4 སྙིང་པོ་དབང་གི་སྦྱོར་བ་བཅས།། ནུབ་དུ་བལྟས་ནས་བསྒྲུབ་པ་ཡིས།། ལྷ་ཡི་དབང་པོ་དབང་དུ་འགྱུར།། རྒྱུད་ཀྱི་ཁྱད་པར་སྦྱོར་བའོ།། དྲིའི་རྒྱལ་པོ་སྣ་ཚོགས་ཀྱིས།། ཤིང་གི་ལོ་མ་དཀར་པོ་ལ།། རྡོ་རྗེ་རྒྱ་གྲམ་གཉིས་བརྩེགས་ཀྱི
199b5 ཕྱོགས་ཀྱི་རྔ་རྣམས་ཧཱུཾ་གིས་སྦས། ། མཚམས་ཀྱི་རྔ་རྣམས་དབུ་མ་ལ།། ཧཱུ~ཾ་གིས་རྭ་ཡིས་ཡན་ལག་ལ།། ཕཊ་ནི་ཕྱིར་ལ་བལྟས་པ་བྲི།། རྒྱ་ཆེན་གསོལ་བ་གདབ་པར་བྱ།། གོས་བཟངས་དང་ནི་སྐགས་ཤིང་ངུ།། བཙུག་ནས
199b6 རྒྱལ་མཚན་བརྩེར་བཏགས་ནས། ། རླུང་དང་ཐོག་དང་སེར་བ་གཅོད།། དམན་པ་རྣམས་དང་འབྲེལ་བ་སྤང་།། ཐལ་བ་ཆུ་དང་ཉུངས་དཀར་ལ།། སྔགས་ཀྱི་ཕྲེང་བ་བཟླས་བྱས་ཏེ།། སྤྲིན་ལ་སོགས་པ་འཁྲུགས་པའི་ཚེ།
199b7 གཏོར་བ་ཙམ་གྱིས་འཆང་བར་འགྱུར།། འབྲུ་མར་ཡུངས་ཀར་སེར་པོ་ལ། སྔགས་ནས་ལུས་ལ་བྱུགས་ཙམ་གྱིས།། ཕྲན་ཚེགས་ནད་རྣམས་ཐམས་ཅད་ལས།། མ་ཧེ་ཤིན་ཏུ་བརྟན་པར་བྱེད།། འཕགས་མ་རྡོ
199b8 རྗེ་ལུ་གུ་རྒྱུད་ཀྱི་འཁྲུལ་འཁོར་གྱི་ལེའུ་སྟེ་གསུམ་པའོ། ། །། དེ་ནས་གཞན་ཡང་བཤད་བྱ་བ།། སྦྱིན་བསྲེག་ཐབས་ཀྱི་སྦྱོར་བ་ཡིས།། དངོས་གྲུབ་ཐམས་ཅད་མྱུར་བྱེད་དེ།། སྣ་ཚོགས་ལྷ་མོས་མཉན་པར་བྱོས།།




iiif viewer powered by OpenSeadragon

199a - 200a

Texts on this page

Q187 - 'phags ma rdo rje lu gu rgyud ma'i rgyud kyi rtog pa