| | e-texts navigator
|
197b1 དང་ཁྲོ་ཚུང་བཅས་པ་ལ། ། གསང་སྔགས་སྟོང་ཕྲག་གསུམ་བཟླས་ཏེ།། ཟླ་བ་གཟས་གཟུང་དུས་སུ་ནི།། ཉེ་བསྙེན་རྫོགས་པར་བྱས་ནས་ནི།། རྫས་ནི་ཤིན་དུ་སྲ་བྱས་ཏེ།། ལྷ་ཚགས་གནོད་པ་གང་དམིགས་པའི།། སྙིང
197b2 ཁར་བསྔག་ནི་བསྟན་བྱས་ན། ། གང་དམིགས་བགེགས་ནི་རྣམ་པར་འཇིག། རས་བ་ལགསར་བར་གྱུར་པ་ལ།། ཤེས་རབ་མཚན་ལྡན་ཁྲུས་བྱས་ཏེ།། ཤེས་པ་ཉི་མ་ལ་བཀལ་ནས།། བཅིངས་པའི་དྲངས་ཀྱིས
197b3 མདུད་བྱས་ཏེ། ། སྟོང་ཕྲག་གཅིག་གི་སྔགས་བཟླས་ནས།། ལུས་སམ་མགུལ་ལམ་སྤྱི་བོར་བརྟགས།། དེས་ནི་ཚེ་ལོ་སྟོང་ཕྲག་ཐུབ།། ཡང་ན་རང་ལུས་རྣམ་བསྒྲིབས་ནས།། ཆུ་ཡི་ཚོགས་ཀྱིས་དག་བྱས་ཏེ།། ཉི་ཤུ
197b4 རྩ་གཅིག་གྲངས་ལྡན་པར། ། གཟུངས་ཀྱི་ཕྲེང་བ་བརྗོད་བྱས་ནས།། གསེར་ཕྱག་ལག་ཏུ་མ་བླངས་ཤིང་།། བདེན་བྲལ་ཕྱི་རོལ་མ་སོང་བར།། གཞན་གྱི་འཇིགས་པ་མ་བསལ་ཞིང་།། ཚེ་ལོ་བརྒྱ་ནི་རྩ་བརྒྱད་པར།། རིམས
197b5 ནང་ཙམ་ཡང་མི་གནོད་དོ། ། གོས་དང་ཟས་དང་སྣོད་སྤྱད་དང་།། སྨན་ལ་སོགས་པའི་རྫས་རྣམས་ནི།། མི་འཁྲུག་རྒྱལ་པོའི་ཕྱག་རྒྱ་ཡིས།། བསྲུངས་ན་ཅིས་ཀྱང་མི་ཤེ་ངདེ།། སེང་ཆེན་རྔམ་པའི་སྟབས་ཀྱིས་ནི།། འུག
197b6 པའི་སྒྲ་གསུམ་བརྗོད་བྱས་ན། ། ཕྱི་རོལ་རིག་སྔགས་སྟོང་ཕྲག་ནི།། དུམས་ཅིས་ཀྱང་མི་ཚུགས་སོ།། ཀླུའི་དབང་པོ་གནམ་ལུགས་ཀྱིས།། རྩེ་གཅིག་རྡོ་རྗེའི་ཕྱག་རྒྱ་བཅས།། དེ་ནས་གསང་སྔགས་གསུམ
197b7 བརྗོད་ན། ། ནང་དང་གདོན་ལ་སོགས་པ་སེལ།། རི་བོང་ནུ་མའི་མཚམས་བྱས་ནས།། ཧཱུཾ་གིས་མནན་པའི་སྔགས་ཀྱིས་ནི།། དམིགས་མེད་ཏིང་འཛིན་ཡིད་བརྟན་ཞིང་།། འདིས་ཀྱང་གནོད་པ་ལས་བསྲུང་འགྱུར།
197b8 ཕྱི་རོལ་སོགས་པ་ཀུན་སྤངས་ནས།། སྣང་བ་ཡིད་ཀྱིས་བསླབས་བྱས་ཏེ།། མི་སྣང་བ་ལ་མངོན་དམིགས་ནས།། བསྲུང་བ་རྣམས་ཀྱིས་དམ་པ་བཤད།། དེ་ནས་གཞན་ཡང་སྦྱོར་བ་བཤད།། དུར་ཁྲོད་ལ་སོགས
iiif viewer powered by OpenSeadragon
197a - 198a