| | e-texts navigator
|
195a1 རྟོགས་ནས། ། རང་གི་ལུས་འདི་དབུལ་བར་བགྱི།། ཐེག་ཆེན་བླ་ན་མེད་པ་ཡི།། ལམ་ཆེན་རྒྱ་མཚོ་གང་ཡིན་པ།། ཐེག་ཆེན་འབྲས་བུ་ཐོབ་བར་དུ།། རྒྱུན་མ་འཆད་པར་བསྟན་པར་བྱ།། དེ་ལྟར་དང་སེམས་འདུན་བྱས་ཏེ།། བསོད་ནས
195a2 རྒྱ་ཆེན་རྣམས་བསགས་པཱི། ། དགེ་བ་བླ་ན་མེད་པ་དེས།། ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ།། དང་པོ་བྱམས་པའི་འོད་ཟེར་གྱི།། འགྲོ་རྣམས་བདེ་ལ་དགོད་པར་བྱ།། གཉིས་པ་སྙིང་རྗེའི་འོད་ཟེར་གྱིས།། འགྲོ་བ་སྡུག་བསྔལ་འབྲལ་སེམས་བསྐྱེད།། གསུམ་པ་དགའ
195a3 བས་བདེ་བ་འཐོབ། ། བཞི་པ་ཆགས་བྲལ་བཏང་སྙོམས་སོ།། དེ་རྗེས་རིགས་པའི་སྟོབས་སྤངས་ཞིང་།། བག་ཆགས་དྲི་མ་བསལ་ནས་ཀྱང་།། ནམ་མཁའ་ལྟ་བུར་བསྒྲུབ་བྱེད་པའི།། དེ་ནས་དག་པ་རྗེས་དྲན་བྱ།། ཨོཾ་སྭ་བྷཱ་བ་ཤུད་དྷཿསརྦ་དྷ་རྨཱ་སྭ་བྷཱ་བ་ཤུད་དྷེ་ཏཾ།
195a4 དེ་ཡིས་དག་པར་བྱས་ནས་ནི།། སྟོང་ཉིད་རྗེས་སུ་བསྒོམ་པར་བྱ།། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱ་ཏ་མ་ཀོ་ཧི།། དངོས་པོ་ཐམས་ཅད་མ་ལུས་པར།། ནམ་མཁའ་ལྟ་བུར་བསྒོམ་པར་བྱ།། དེར་ནི་རཾ་སྐྱེས་ཉི་དཀྱིལ་འཁོར།། དམར་པོ་འོད་ཟེར་འཁྲིགས་པ་བསྒོམ།
195a5 དེདབུས་ཧཱུཾ་ཡིག་སྔོན་པོ་ཡི།། འོད་ཀྱིས་འགྲོ་བའི་བདུད་བསལ་ཏེ།། སླར་ཡང་ཡི་གེ་ལ་བཞུགས་པར།། རྡོ་རྗེ་ཁྲོ་མོ་ཡོངསུ་རྫོགས།། ཞལ་གསུམ་ཕྱག་དྲུག་མེ་དཔུང་བཞུགས།། ཐུགས་ཁར་ཉི་མར་ཧཱུ~ཾ་སྔོན་བསམ།། འོད་ཀྱིས་བསྲུང་བའི་འཁོར་ལོ
195a6 ཤར་དུ་རྡོ་རྗེ་ལྷོར་དབྱུག་པ། ། ནུབ་དུ་ཆུ་སྟེ་བྱང་དུ་མདའ།། བྱང་ཤར་རྩེ་གསུམ་ཤར་ལྷོར་མེ།། ལྷོ་ནུབ་རལ་གྲི་ནུབ་བྱང་དྲུང་།། འོག་ཏུ་སྣ་ཚོགས་རྡོ་རྗེ་བྲག། སྟེང་ཕྱོགས་རྡོ་རྗེ་རྩེ་ལྔའི་གུར།། གསང་སྔགས་བརྗོད་པས་བསྒོམ་པར་བྱ།། ཧཱུ~ཾ་ལས་འོད
195a7 ཟེར་རབ་སྤྲོས་པས། ། འཁོར་ལོ་བཀོད་པའི་ཕྱི་རོལ་དུ།། རྡོ་རྗེ་རྩ་གསུམ་རབ་དང་།། གུར་ནི་རབ་ཏུ་བསྒོམ་པར་བྱ།། དེ་རྗེས་རྡོ་རྗེ་ཁྲོ་མོ་ན།། ཞུ་ནས་རང་བཞིན་མེད་པར་གྱུར།། དེ་ལས་ཉི་མའི་སྟང་གནས་པའི།། བདུད་བཞི་མནན་ཅིང་ཉི་ཟླ་ནི།། ཨཱ་ལི
195a8 ཀཱལི་ལས་བྱུང་བའོ། ། བར་དུ་ཧཱུ~ཾ་ལས་རྡོ་རྗེ་ནི།། ཁྲོ་མོའི་རང་བཞིན་འོད་ཀྱིས་བསྐོར།། ཁྲོ་མོ་དང་བཅས་འོད་ཟེར་རྣམས།། རྡོ་རྗེ་ལ་བཞུགས་སྐུ་བཞེངས་ཏེ།། ཞལ་དྲུག་ཕྱག་དྲུག་ཞབས་དྲུག་འམ།། ཡང་ན་ཞབས་བཞི་མ་བདུད་པཞི
iiif viewer powered by OpenSeadragon
194b - 195b