| | e-texts navigator
|
192b1 དྷཱི། ཛཧཱུཾ་ཕཊ། བི་ཤཱནྱ་སྭཱ་ཧཱ། འཕགས་མ་རི་གྲོང་ལོ་མགྱོན་མའི་གཟུངས་རྫོགས་སྷོ།། 6།། རྒྱག་སྐད་དུ། ཨཱརྱ་བཛྲ་ཤྲཱི་ཀཱ་ལ་སྱ་ཏན་ཏྲ་ཀལ་པ། བོད་སྐད་དུ། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི
192b2 རྟོག་པ། དཔལ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ནས་ཡང་དག་བཤད་བྱ་བ།། དཔལ་བསྐྱེད་སྡུག་བསྔལསེ་ལ་བྱེད་ཅིང་།། སྡང་བ་འཆིང་སོགས་ལས་གྲོལ་བའི།། ཆོ་ག་མཛེས་མས་ལེགས་པར་ཉོན།། ཁྲུས་དང་གཙང་སྦྲ
192b3 དང་བྲལ་ཞིང་། ། དཀའ་ཐུབ་སྤྱོད་པ་རྣམས་སྤངས་ནས།། དྲག་ཤུལ་སེམས་ཀྱི་གསང་སྔགས་འདི།། བརྗོད་པ་ཙམ་གྱིས་མྱུར་དུ་འགྲུབ།། དད་པ་བརྩོན་འགྲུས་ཀྱིས་བརྒྱན་ཅིང་།། བག་ཡོད་སྙིང་རྗེ་ཆེར་ལྡན་པ།། དེ་ནི་བླ་མ་མི་སྤོང་ལ།།
192b4 དཔའ་བརྟུན་ཤེས་རབ་ངེས་པ་ཆེ།། འགྲོ་ལ་བྱམས་སེམས་ཆེ་བ་ངེས།། སྔགས་དང་ཏིང་འཛིན་ཕྱག་རྒྱ་སོགས།། བརྩམས་པ་ཙམ་ལ་དངོས་གྲུབ་འབྱུང་།། དད་མེད་ལེ་ལོ་རྣམ་འཚེ་ཅན།། བླ་མ་ལ་ནི་མི་གུས་ཤིང་།། ཤེས་རབ་ཞན
192b5 ཅིང་སྟོབས་ཆུང་ལ། ། བག་མེད་གཞན་ལ་གནོད་སེམས་བཅས།། དབང་བསྐུར་གནང་བ་མཐོབ་ན།། དེས་ནི་བསྐལ་པ་སྟོང་ཕྲག་ནི།། བྱེ་བ་དུ་མར་བ་སྒྲུབ་བྱས་ཀྱང་།། འབྲས་བུ་ཡོད་པར་མི་འགྱུར་ཏེ།། དཔེར་ན་བྱིས་པ་བློན་པོ་འགས།
192b6 འབྲས་འདོད་པྲབ་མ་བརྡུངས་པ་ལ།། ཤ་ཐང་ཆད་པ་ཉིད་ལས་ནི།། ནམ་ཡང་འབྲས་ཡོད་མི་འགྱུར་རོ།། གསང་སྔགས་རྒྱལ་པོ་རྒྱལ་ཆེན་འདི།། བྱིན་རླབས་རྣམ་པར་འབྱུང་བའོ།། དེ་ནས་བཅོམ་ལྡན་བདེ་ཆེན་པོ།། ངེས་པར་འགྲུབ
192b7 པ་ཞེས་བྱ་བ། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། ཉིད་ཀྱི་སྐུ་དང་གསུང་དང་ཐུགས།། རྡོ་རྗེ་བླ་ན་མེད་པ་ལས།། གསང་སྔགས་རྒྱལ་པོ་འདི་ཕྱུང་ངོ་།། ན་མོ་བ་གྷ་ཝ་ཏྱཻ། བཛྲ་ཤྲིང་ཁཱ་ལེ། དནན་ཧ་ན། ད་ར་ད་ར། ཙྪི་ནད་ཙྪི་ནད།
192b8 བྷཌྒབྷཉྩ། མཱ་ར་ཡ་མཱ་ར་ཡ། ཥ་ས་ཡ་ཏི་ནི། པ། ཏ་ཨཀྵི་བཛྲ་གྷནེ། ན་མོ་བྷ་ག་ཝ་ཏི། བཛྲ་ཤྭང་ཁཱ་ལེ། བཱརྦ་ད་ཤཾ། བཛྲ་པྲ་ག་རེཎ། བནདྷ། ད་ཀྵིན་དི་ཤ་ནད་རྐ་ཌ། ཐཱཀ་རེ་ཨུ0f7f་བན་དྷི། བ་ཤྩི་མ་ལ་ནི་ཤཱན་ཛྭ་ལ་ཐཱ་ཀ་རེ།
iiif viewer powered by OpenSeadragon
192a - 193a