| | e-texts navigator
|
190a1 བ་གཡས་པ་ན་རལ་གྲི་དང་ཕྱག་གཞན་ཐོ་པའོ། ། གཞན་སྡིག་མཛུབ་བོ།། སྐྲོད་པ་ལ་ནི་དུ་བའི་མདོག་ཅན་ཕྱག་གཉིས་པ། ཞགས་པ་དང་དགྲ་སྟའི་ཕྱག་གོ།། དབྱེ་བ་ལ་ནི་སྔོན་མོ་ཕྱག་བཞི་པ། གཡས་ན
190a2 རལ་གྲི་དང་། དབྱུག་པ། གཡོན་ཐོད་པ་དང་། མྱང་ངན་མེད་དོ།། རེངས་པ་ལ་མདོག་སེར་བ། ཕྱག་དྲུག་པ། གཡས་ན་རྡོ་རྗེ་དང་། ཁབ་དང་མདང། གཡོན་ན་ཞགས་པ་དང་། གཞུ་དང་མྱ་ངན་མེད་པའི་ཡལ་གའོ།། གཞན་གྱི་དཔུང
190a3 རེངས་པར་བྱེད་པ་ལ་གཟུགས་འབར་ཞིང་འཁྲུག་པ་མི་ཡད་པ། ། ཕྱག་བཅུ་གཉིས་པ། སྣ་ཚོགས་པའི་ཕྱག་འཚན་འཆང་བ་ཞལ་དྲུག་པ། ཞབས་དྲུག་པ། དང་པོའི་ཞལ་དམར་པོ། གཡས་ནག་པོ། གཡོན་པ་དཀར་པོ་ཅུང་ཞིག
190a4 ཁྲོ་བ་དང་བཅས་ཤིང་མཆེ་བ་གཙིགས་པའི་ཞལ་ལོ། ། གཡོན་པ་སེར་པོ་ཅུང་ཞིག་བཞད་པའི་ཞལ། སངས་རྒྱས་ཀྱི་ཞལ་གཡོན་པའོ།། སྟེང་དུ་ནི་ཕག་པའི་ཞལ་ལོ།། གཡས་པ་ན་ནི་མདུང་ཐུང་དང་། རྡོ་རྗེ་དང་། མདའ་དང་། དབྱུག
190a5 པདང་། དགྲ་སྟ་དང་། རལ་གྲི་བསྣམས་པའོ།། གཡོན་གྱི་དང་པོན་སྡིག་འཛུབ་དང་། མྱ་ངན་མེད་ཀྱི་ཡལ་ག་དང་། ཁ་ཊྭཱཾ་ག་དང་། ཐོད་པ་དང་། རྩེ་གསུམ་པ་དང་། མི་མགོ་འཆང་བའོ།། དགུག་པ་ལ་ནི་དཀར་པོ་ཕྱག་བཞི་པ།། ཞལ།
190a6 གསུམ་གཡས་ན་ལྤགས་ཀྱུ་དང་མདའ། གཡོན་ན་ཞགས་པ་དང་། ཐོད་པའོ།། དབུས་མ་ནི་གསེར་ལྟ་བུའི་མདོག། གཡས་པ་ནི་གནག་པ། གཡོན་དམར་བ། ཕན་ཚུན་འཐུན་པར་བྱེད་པའི་དུས་སུ་ཞལ་གཉིས་ནི་ནག་པོ་སྟེ
190a7 དྷ་དང་པག་གི་ཞལ་ལོ། ། གཡས་ན་རལ་གྲི་དང་བརྩེགསམ་རྡོ་རྫོའོ།། གཡོན་པ་ན་ཡིད་དགས་དང་། ཐོད་པའོ།། སར་གཉིས་ཀ་ཡང་སྟེ། གཞན་གྱི་རིག་སྔགས་གཅོད་པ་ནི་ཏིང་ངེ་འཛིན་གྱི་ཕྱག་བརྒྱ་དང་། མྱ་ངན་མེད་ཀྱི་སྔ
190a8 གྲོལ་བརྟེན་པའོ། ། ན་མོ་རད་ན་ཏྲ་མཱ་ཡ། མས་ཅིད་དེ། བ་ཏཱ་ཡ། ཧྲིད་ལ་བརྟ་བྱ་བ་མེད། ཏདྱཥྛ། བ་ཏཱ་ལི། བ་དཱ་ལི། བ་རཱ་ལི། བ་རཱཏྣ་ལུ་ཁི། སརྦ་དུཥྚཱ་ནཱཾ། ཙཀྵུ་ཀྵེ་བན་དྷ་བན་དྷ་ཛ་མབྷ་ཡ་ཛ་མབྷ་ཡ། སྟ་མ་བྷ་ཡ་སྟཱ་མནྟ5
iiif viewer powered by OpenSeadragon
189b - 190b