e-texts navigator
Collection
Volume
Page
Wylie

189b1 བྲིས་ལ་དེའི་ནང་དུ་བཅུག་སྟེམ་མོའི་ཁང་པར་སྤོས་ན་ཕན་ཚུན་འབྱེ་ཞིང་མི་མཐུན་པ་ཆེན་པོར་འགྱུར་རོ། ། རྨོངས་པར་བྱ་བ་ལ་ནི་ཐོང་ལོ་བསྐོར་གྱིས་ཐུགས་པ་ལ་དུག་གི་སྦྲུལ་བྲིས་ཏེ་སྦྲུལ་མགོ་གསུམ་པ་གཡོན་པའི་ལག་པས།
189b2 བཟུང་ནས་མདུན་དུ་དགྲལ་བསྡིགས་པ་ཟླ་བ་དང་། ཉི་མ་གཉིས་ལན་ཉི་ཤུ་རྩ་གཅིག་ཏུ་གཡས་བསྐོར་དུ་བསྒོམ་པར་བྱའོ།། སྤེལ་ཚིག་དང་བཅས་པའི་སྔགས་བཟླས་ཏེ། བྱུག་པའི་སྟེང་གི་རྩོམ་ལ་རྡོ་རྗེ་རྩེ་གསུམ་པ
189b3 འོག་གི་རྩེ་མོ་ལ་རྡོ་རྗེ་རྩེ་གཅིག་པ་བྱས་ན། ཀུན་མ་ལ་སོགས་པས་གནོད་པར་མི་འགྱུར་རོ།། བླུགས་པ་ཆེ་ཞིང་འཇིགས་པ་ཆེན་པོ་ལ་ཁྱེར་ཞིང་ཡི་གེ་དྲུག་པ་བཟླས་ན་འཇིགས་པ་ཐམས་ཅད་ལས་ཡོངས་སུ་བསྲུང་བར་འགྱུར་རོ།། འོ།
189b4 ཏུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་ཟླ་བའི་དཀྱིལ་འཁོར་ཨ་ལས་སྐྱེས་པ་དེར་། བདག་ཉིད་ཡིད་པ་བྱའོ།། འོད་ཟེར་ཅན་བདག་ལ་སྐྱོབས་ཤིག་ཅེས་བྱ་བ་ལ་སོགས་པ་སྔོན་དུ་བསྟན་པའི་སྔགས་བཟླས་པ་བྱའོ།། ཟླ་བ་དང་ཉི་མ་པ་ན
189b5 ཚུན་འོད་ཟེར་གཉིས་འདྲེས་པ་ན་འཇིགས་པ་ཐམས་ཅད་ཀྱི་དུས་སུའོ། ། ཉལ་བའི་དུས་སུམ་ལ་སྟན་ལ་འདུག་སྟེ། ཙིའི་ཡིག་མངོན་པར་བྲིས་ལ་རྐང་པ་གཡོན་པས་བཞག་སྟེ་བསྐྱོད་པ་བསྒོམ་པར་བྱའོ།། དེ་ནས་ནི་རྐུན་མས་མི
189b6 ཚུགས་ཏེ་བཅིངས་ནས་རྨོངས་ནས་འདུག་གོ། ཡང་ན་བཅོམ་ལྡན་འདས་མ་ནི་ལས་ཀྱི་རྗེས་སུ་འབྲང་བའི་མདོག་ཡིན་ཏེ། དབང་ལ་ནི་དམར་པོ་ཕྱག་གཉིས་པ་གཞུ་དང་། མདའ་བསྡམས་པའི་ཕྱག་ཉི་མའི་དཀྱིལ་འཁོར་ལ་ག་ནས
189b7 པའོ། ། ཞི་བ་ལ་ནི་དཀར་པོ་ཕྱག་བཞི་པ་གཅིག་ན་མཆོག་སྦྱིན་པ་གཉིས་པ་ན་རྡོ་རྗེ་དང་། གཡོན་པའི་དང་པོ་ན་ཤིང་མྱ་ངན་མེད་པའི་ཡལ་ག། གཉིས་པ་ན་མི་འཇིགས་པའི་ཕྱག་རྒྱ་པད་མ་དཀར་པོ་ལ་གནས་པའོ།། རྒྱས་པ་ལ་ནི་ཕྱག།
189b8 བཞི་པ། ཅུང་ཟད་དཀར་བ་ཕྱག་གཉིས་པ་ན་དགྲ་སྟ་དང་།། ཞགས་པ་བསྣམས་པའོ།། བཅིངས་པ་ལས་གྲོལ་བར་བྱེད་པ་ནི་ལྗང་ཁུ་ཕྱག་གཉིས་པ། ཞགས་པ་དང་དགྲ་སྟ་བསྣམས་པའོ།། མངོན་སྤྱོད་ལ་ནི་ནག་མོ་ཕྱག་བཞི




iiif viewer powered by OpenSeadragon

189a - 190a

Texts on this page

Q184 - 'phags ma 'od zer can gyi dkyil 'khor gyi cho ga 'od zer can 'byung ba'i rgyud stong phrag bcu gnyis pa las phyung ba'i rtog pa'i snying po bdun brgya pa zhes bya ba