| | e-texts navigator
|
188a1 བནག་ཙམ་མ་པར་རངས་པར་བྱེད་དོ། ། ད་ནས་བཅོམ་ལྡན་འདས་མ་མཆོག་ཏུ་གསང་བ་ལས་ཐམས་ཅད་མེད་བནན་པའི་བུ་ལ་ལ་ཡན་ཏེ། འདདི་སྔོན་དུ་བསྟན་པའི་ས་བོན་རྒྱལ་བར་འབར་མོནས།
188a2 བརྐྱད་པ་བྱས་ཏེ་དེ་ལ་རྩིབས་བརྒྱད་པ་གོ་རིམ་བཞིན་དུ་ཨརྐ་མ་སི་ལ་སོགས་པའི་རིག་པ་བརྒྱད་བྲིས་ལ་བར་ལི་ལ་སོགས་པའི་རྩ་བའི་སྔགས་བསྐུལ་ཚིགས་དང་བཅས་པ་ཕྱི་རོལ་གྱི་མུ་ཁྱུད་ལ་བྲིའོ།། འཁོར་ལོའི་རྩི་བ
188a3 ལ་རིག་པའི་ལྷ་མོ་བྲིའོ། ། དབུས་སུ་ནི་སྲུལ་ཚིག་དང་བཅས་པའི་མིང་བྲིས་ཏེ་ཞི་བ་དང་བདེ་བ་དང་། དབང་དང་བཀུག་པ་དང་། གསང་བ་དང་། སྐམས་པ་དང་། རེངས་པ་དང་། དབྱེ་བ་དང་། མངོན་སྤྱོད་ལ་སོགས་པའི་ལས་བྱེད་ན། མངོན་པར་འདོ
188a4 པའི་དབང་གིས་རིག་པའི་རྒྱལ་མོ་ཕྱོགས་སྐྱོང་མ་ཆེན་མོ་འདིས་ཡིད་བཞིན་གྱི་ནོར་བུའི་མཆོག་བསྒྲུབ་པ་པོ་རྣམས་གང་འདོད་པ་བྱེད་དོ། ། འཕགས་པ་འོད་ཟེར་ཅན་མ་རིག་པའི་རྒྱལ་མོ་ཡིད་བཞིན་གྱི་ནོར་བུའི་འཁོར་ལོ་རྫོགས་སྷོ།།
188a5 དེནས་གཞན་ཡང་བཤད་བྱ་བ། འོད་ཟེར་ཅན་གྱི་རྟོག་པ་མཆོག། དང་པོ་གུར་གུམ་གྱིས་གྲོག་ལ་བཅོམ་ལྡན་འདས་མ་གཡས་གཡོན་གཉིས་ཀྱིས་རྡོ་རྗེ་ཕག་མོའི་ཞལ་སྔོན་པོའི་ཞལ་འཇིགས་པ་བྲིས་ལ་འོ་མའི་ནང་དུ་བཅུག་ལ་དཀར
188a6 མཆོད་ཅིང་གོས་དཀར་པོ་བྲིས་པ་ནི་ཞི་བར་འགྱུར་རོ། ། རྒྱས་པ་ལ་ནི་འགི་ཝང་དང་མར་བ་སེས་པས་བྲིས་ལ་ཁམ་སྐྱོང་ཁ་སྦྱོར་གྱི་ནང་དུ་བཞག་སྟེ་ཆུའི་ནང་དུ་བཅུག་ན་རྒྱས་པར་འགྱུར་རོ།། ཉེ་བར་འཚེ་བ་ཐམས་ཅད་ལ་གཞོན་ནུ་མས་བཀལ
188a7 བའི་རས་ལ་ཀ་ར་བི་རའི་སྐྲག་པུས་འགི་ཝང་ལ་མང་ངགསུམ་གྱི་ནང་དུ་བཅུག་སྟེ་སྔགས་བཟླས་པ་བྱས་ན་ཉེ་བར་འཚེ་བ་ཆེན་པོ་ལས་ཐར་བར་འགྱུར་རོ། ། མངོན་སྤྱོད་ཀྱི་ལས་ལ་ནི་དུར་ཁྲོད་ཀྱི་རས་མས་མཚོན་གྱིས་བཅད་པའི་རས
188a8 ལ་དྲུག་ལ་སོགས་པས་བྲིས་ཏེ། ཆུ་ངོགས་ཀྱི་ས་དང་། རྒྱལ་པོའི་སྒོ་ས་དང་། ལམ་གྱི་བཞི་མདོའི་ས་དང་། གླང་བུའི་རྭལ་སྦྱར་བའི་ས་དང་། བསྒྲུབ་བྱའི་ཆུ་བཏང་བའི་སའོ།། ས་ལྔ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་དེའི་ནང་དུ་བཅུག་ལ
iiif viewer powered by OpenSeadragon
187b - 188b