| | e-texts navigator
|
2b1 དེའི་ཁ་ཐལ་བས་བཀང་ནས་སྦས་ན། རྒོལ་བ་དང་ཕྱིར་རྒོལ་བའི་ཁ་རེངས་པར་བྱེད་དོ།། རྩོད་སྦྱོང་བྱེད་པ་ན་གཟུགས་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་བསྔགས་པའི་ཚེར་མ་བདུན་གྱིས་བཙུགས་ན་ཁ་འཆིང་བར་བྱེད་པར།
2b2 འགྱུར་རོ།། རྡོ་རྒྱུས་ཀྱིས་ཁམ་པོར་ལ་བྲིས་ཏེ་ཐལ་བས་བཀང་ལ། ཁ་སྦྱར་ཏེ་སྦས་ན་མི་སྙན་པ་བརྗོད་པ་ཁ་རེངས་པར་བྱེད་དོ།། རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ལས། ལུག་གི་གཟུགས་སུ་བྱས་པའི་སྙིང་ཁར་སྒྲ་ཚིལ
2b3 གྱིས་བཏུམས་པའི་སྔགས་བཅུག་ན་ཁྲོས་པའི་ཁེ་རེངས་པར་བྱེད་དོ། ། སྐེ་འམ་དཔུང་པ་ལ་སྔགས་བཏབ་ན་གཡུལ་ངོགས་ཀྱི་མཚོན་ཆ་དཔལ་ཞི་བར་བྱེད་དོ།། གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་རྐང་པའི
2b4 མཐིལ་དུ་སྔགས་ཀྱི་རྒྱལ་པོ་འདི་བཅུག་སྟེ། བཞི་མདོར་སྲས་ན་འགྲོ་བ་དང་འོང་བ་ཐམས་ཅད་རངས་པར་བྱེད་ཅིང་རྟག་པར་བྱེད་པ་ཐམས་ཅད་རེངས་པར་བྱེད་དོ།། གྲོ་བའམ་གོས་ལ་སྔགས་ཀྱི་རྒྱལ་པོ་འདི་བྲིས་ལ་སྒྲ་ཚིལ་གྱིས
2b5 བཏུམས་ཏེ་དེ་ཉིད་ཀྱི་ཁོང་པར་བཅུག་ལ། བུམ་པ་སེར་བ་ཆུས་བཀང་བའི་ནང་དུ་བཅུག་ན་ཡོངས་སུ་བརྟག་པ་རེངས་པར་བྱེད་དོ།། བླ་གོས་ཀྱི་མཐའ་མ་ལ་སྔགས་རྗེས་སུ་དྲན་ཞིང་མདུད་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོགས་པ
2b6 རེངས་པར་བྱེད་ཅིང་། ནགས་ཀྱི་བ་མེན་ལ་སོགས་པ་རྭ་ཅན་དང་མཆེ་བ་ཅན་རྣམས་རེངས་པར་བྱེད་དོ།། པོད་བལ་ལན་བདུན་བསྔགས་ཏེ་ཆུར་བཅུག་ན། ཆུ་ན་རྒྱུ་བའི་ཁ་འཆིང་བར་བྱེད་དོ།། དུར་ཁྲོད་ཀྱི་རས་ལ་ཕ་རོལ་གྱི་དཔུང
2b7 གི་ཚོགས་ཀྱི་སྐྱེས་བུའི་གཙོ་བོའི་མིང་སྨོས་པའི་སྔགས་སྣ་ཚོགས་རྡོ་རྗེའི་དབུས་སུ་བྲིས་ལ། སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཡི་གེ་ལམ་བརྒྱད་བྲིས་ཤིང་ཕྱི་རོལ་དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པར་བྲིས་ཏེ། ཕྱོགས་རྡོ་རྗེས་བརྒྱན
2b8 པའི་སྤྲ་ཚིལ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོད་པར་བཅུག་པའི་སྔགས། ཕ་རོལ་གྱི་དཔུང་གི་ཚོགས་ཀྱིས་མཚམས་ཀྱི་བར་དུ་བཅུག་ན་དཔུང་གི་ཚོགས་རེངས་པར་བྱེད་དོ།། སྔགས་ཨོཾ་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ
iiif viewer powered by OpenSeadragon
2a - 3a