e-texts navigator
Collection
Volume
Page
Wylie

25a1 སྦྱིན་བཀུར་དང་རིམ་གྲོ་བྱས་ནས་དགེ་བའི་རྩ་བ་བསྐྱེད་པ་ཞིག་ཡོད་དེ། དེའི་ཚེ་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གཅིག་པུ་དབེན་པར་གནས་པ་དེ་འདི་སྙམ་དུ་རྒྱུ་དང་རྐྱེན་གང་གི་ཕྱིར་དེ་བཞིན་གཤེགས་པ
25a2 ཤཱཀྱ་ཐུབ་པ་སྐུ་ཚེ་ཐུང་སྟེ་ལོ་བརྒྱད་ཅུར་གྱུར་སྙམ་མོ། ། གཞན་ཡང་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས་ཇི་སྐད་གསུངས་པ་ལྟར་ན་རྒྱུ་དང་རྐྱེན་རྣམ་པ་གཉིས་ཀྱིས་ཚེ་རིང་པོར་འགྱུར་རོ་ཞེས་གསུངས་ཏེ། གཉིས་གང་ཞེ་ན། སེམས
25a3 ཅན་གྱི་སྲོག་མི་གཅོད་པ་དང་། གཞན་དག་ལ་ཡང་བཟའ་བ་དང་། བཏུང་བ་ཡོངས་སུ་བཏང་བའོ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ནི་འདས་པའི་བསྐལ་པ་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་སྙེད་དུ་སེམས
25a4 ཅན་གྱི་སྲོག་མ་བཅད་ཅིང་དགེ་བ་བཅུའི་ལས་ཀྱི་ལམ་སྤྱོད་པ་དང་། རྟག་པར་བཟའ་བ་དང་། བཏུང་བ་དག་བཀྲེས་པའི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་བཏང་སྟེ། ཉིད་ཀྱི་ཤ་དང་། ཁྲག་དང་། རུས་པ་དང་། རྐང་ལ་སོགས་པ
25a5 ཡང་ཡོངས་སུ་བཏང་ནས་རབ་ཏུ་ཚིམ་པར་མཛད་ན། བཟའ་བ་དང་། བཏུང་བ་གཞན་ལྟ་སྨོས་ཀྱང་ཅི་དགོས་སྙམ་མོ།། བྱང་ཆུབ་སེམས་དཔའ་དེས་བཅོམ་ལྡན་འདས་ལ་དེ་སྙམ་དུ་བསམ་པའི་ཚེ།། བཅོམ་ལྡན་འདས་ཀྱིས་བྱིན་གྱི་རླབ
25a6 ཀྱི་མཐུས་དེའི་ཁང་ཁྱིམ་དེ་མ་ཐག་ཏུ་ཡངས་ཤིང་རྒྱ་ཆེ་བ་དང་། བཀོད་པ་དང་ལྡན་ཞིང་ཡོངས་སུ་གཙང་བ་དང་། བཻ་དཱུརྱ་སྔོན་པོ་དང་། རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པས་སངས་རྒྱས་ཀྱི་ཞིང་ཇི་ལྟ་བ་བཞིནདུ
25a7 སྤོས་མཆོག་དམ་པའི་དྲི་ལྷའི་སྤོས་ལས་འདས་པ་དག་འཐུལ་ཞིང་གང་བ་དང་། ཕྱོགས་བཞིན་སེང་གེའི་གདན་ཁྲི་མཆོག་དམ་པ་རིན་པོ་ཆེ་སྣ་བཞི་ལས་མངོན་པར་གྲུབ་པ་ལྷའི་རིན་པོ་ཆེའི་གོས་ཀྱིས་གཡོགས་པ་དང་།
25a8 གཞན་ཡང་གདན་དེ་ལ་པད་མ་དམ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ་ཚད་དེ་བཞིན་གཤེགས་པ་དང་མཉམ་པ་དག་རང་རང་གི་ངང་གིས་སྣང་བར་གྱུར་ཏེ། པད་མ་དེ་དག་གི་སྟེང་ན་དེ་བཞིན་གཤེགས་པ་བཞི་པོ




iiif viewer powered by OpenSeadragon

24b - 25b

Texts on this page

Q174 - 'phags pa gser 'od dam pa mchog tu rnam par rgyal ba'i mdo sde'i rgyal po theg pa chen po'i mdo